藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 18 函德格 53b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་དེ་ཅིའི་ཕྱིར་ཞེ་ན། ཆོས་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ནི་{མྱི་,མི་}འགལ་རྣམ་པར་{མྱི་,མི་}འགལ་ལོ། །གང་{མྱི་,མི་}འགལ་རྣམ་པར་{མྱི་,མི་}འགལ་བ་དེ། གནས་བརྟན་རབ་འབྱོར་ཀྱིས་བསྟན་ཏེ་འགལ་བ་{མྱེད་,མེད་}དོ། །ཀཽ་ཤི་ཀ་

D8.018.0053b01.01
2

རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་{མྱེད་,མེད་}པ་དང་། སྨོན་པ་{མྱེད་,མེད་}པ་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་{མྱི་,མི་}འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་མངོན་པར་ཤེས་པ་

D8.018.0053b02.01
3

རྣམས་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་{མྱི་,མི་}འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་ཏིང་ངེ་འཛིན་རྣམས་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་

D8.018.0053b03.01
4

དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་{མྱི་,མི་}འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་གཟུངས་ཀྱི་སྒོ་རྣམས་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་{མྱི་,མི་}འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་

D8.018.0053b04.01
5

དེ་བཞིན་གཤེགས་པའི་སྟོབས་བཅུ་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་{མྱི་,མི་}འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་{མྱི་,མི་}འཇིགས་པ་བཞི་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་

D8.018.0053b05.01
6

གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་{མྱི་,མི་}འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་སོ་སོ་ཡང་དག་པར་རིག་པ་བཞི་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་

D8.018.0053b06.01
7

གྱིས་{མྱི་,མི་}འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་བྱམས་པ་ཆེན་པོ་ནི་བཏགས་པ་ཙམ་མོ། །བཏགས་པ་ཙམ་གང་ཡིན་པ་དེ་ནི་ཆོས་ཉིད་དེ། དེ་ནི་གནས་བརྟན་རབ་འབྱོར་གྱིས་{མྱི་,མི་}འགལ་བར་བསྟན་ཏོ། །ཀཽ་ཤི་ཀ་སྙིང་རྗེ་ཆེན་པོ་ནི་བཏགས་

D8.018.0053b07.01