藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 18 函德格 89b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

པ་ཡིན། ཅིའི་ཕྱིར་ན། ཕྱིར་{མྱི་,མི་}འོང་བའི་འབྲས་བུ་ཡོངས་སུ་གཟུང་བ་དང་། {མྱེད་,མེད་}པར་བྱ་བའི་ཕྱིར་{མྱི་,མི་}སློབ་པ་ཡིན། ཅིའི་ཕྱིར་ན། དགྲ་བཅོམ་པ་ཉིད་ཡོངས་སུ་གཟུང་བ་དང་། {མྱེད་,མེད་}པར་བྱ་བའི་ཕྱིར་{མྱི་,མི་}སློབ་པ་ཡིན། ཅིའི་ཕྱིར་ན། རང་བྱང་ཆུབ་ཡོངས་སུ་གཟུང་བ་

D8.018.0089b01.01
2

དང་། {མྱེད་,མེད་}པར་བྱ་བའི་ཕྱིར་{མྱི་,མི་}སློབ་པ་ཡིན། ཅིའི་ཕྱིར་ན། ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོངས་སུ་གཟུང་བ་དང་། {མྱེད་,མེད་}པར་བྱ་བའི་ཕྱིར་{མྱི་,མི་}སློབ་པ་ཡིན། ཅིའི་ཕྱིར་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་གཟུང་བ་དང་། {མྱེད་,མེད་}པར་བྱ་བའི་ཕྱིར་{མྱི་,མི་}སློབ་པ་

D8.018.0089b02.01
3

ཡིན། །རབ་{འབྱོརད་,འབྱོར་}ཀྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། །དེ་ནི་འདི་ལྟར་གཟུགས་ལ་ཡོངས་སུ་འཛིན་པ་{མྱེད་,མེད་}དེ། ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་གཟུགས་ལ་གཟུགས་ཡོངས་སུ་{མྱི་,མི་}འཛིན་ཏོ། །དེ་ནི་འདི་ལྟར་ཚོར་བ་ལ་ཡོངས་སུ་འཛིན་པ་{མྱེད་,མེད་}དེ། ཕྱི་

D8.018.0089b03.01
4

ནང་སྟོང་པ་ཉིད་ཀྱི་ཕྱིར་ཚོར་བ་ལ་ཚོར་བ་ཡོངས་སུ་{མྱི་,མི་}འཛིན་ཏོ། །དེ་ནི་འདི་ལྟར་འདུ་ཤེས་ལ་ཡོངས་སུ་འཛིན་པ་{མྱེད་,མེད་}དེ། ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་འདུ་ཤེས་ལ་འདུ་ཤེས་ཡོངས་སུ་{མྱི་,མི་}འཛིན་ཏོ། །དེ་ནི་འདི་ལྟར་འདུ་བྱེད་ལ་ཡོངས་སུ་འཛིན་པ་{མྱེད་,མེད་}དེ། ཕྱི་ནང་

D8.018.0089b04.01
5

སྟོང་པ་ཉིད་ཀྱི་ཕྱིར་འདུ་བྱེད་ལ་འདུ་བྱེད་ཡོངས་སུ་{མྱི་,མི་}འཛིན་ཏོ། །དེ་ནི་འདི་ལྟར་རྣམ་པར་ཤེས་པ་ལ་ཡོངས་སུ་འཛིན་པ་{མྱེད་,མེད་}དེ། ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པ་ཡོངས་སུ་{མྱི་,མི་}འཛིན་ཏོ། །དེ་ནི་འདི་ལྟར་{མྱིག་,མིག་}ལ་ཡོངས་སུ་འཛིན་པ་{མྱེད་,མེད་}

D8.018.0089b05.01
6

དེ། ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་{མྱིག་,མིག་}ལ་{མྱིག་,མིག་}ཡོངས་སུ་{མྱི་,མི་}འཛིན་ཏོ། །དེ་ནི་འདི་ལྟར་རྣ་བ་ལ་ཡོངས་སུ་འཛིན་པ་{མྱེད་,མེད་}དེ། ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་རྣ་བ་ལ་རྣ་བ་ཡོངས་སུ་{མྱི་,མི་}འཛིན་ཏོ། །དེ་ནི་འདི་ལྟར་སྣ་ལ་ཡོངས་སུ་འཛིན་པ་{མྱེད་,མེད་}དེ། ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་སྣ་

D8.018.0089b06.01
7

ལ་སྣ་ཡོངས་སུ་{མྱི་,མི་}འཛིན་ཏོ། །དེ་ནི་འདི་ལྟར་ལྕེ་ལ་ཡོངས་སུ་འཛིན་པ་{མྱེད་,མེད་}དེ། ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་ལྕེ་ལ་ལྕེ་ཡོངས་སུ་{མྱི་,མི་}འཛིན་ཏོ། །དེ་ནི་འདི་ལྟར་ལུས་ལ་ཡོངས་སུ་འཛིན་པ་{མྱེད་,མེད་}དེ། ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་ལུས་ལ་ལུས་ཡོངས་སུ་{མྱི་,མི་}འཛིན་ཏོ། །

D8.018.0089b07.01