完整藏文原文 · 德格版页 当前仅加载第 18 函德格 261a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
ཕྱིན་པ་ནི། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་འདུལ་བ་དང་། ང་རྒྱལ་མ་མཆིས་པའི་སླད་དུ་ཉེ་བར་གནས་སོ། །དེ་འཇིག་རྟེན་ལས་འདས་པའི་ཤེས་
D8.018.0261a01.01རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་བསྒོམས་པའི་སླད་དུ། ཤེས་རབ་ཏུ་ཡང་{མྱི་,མི་}{དམྱིགས,དམིགས}། ཤེས་རབ་དང་ལྡན་པ་ཡང་{མྱི་,མི་}{དམྱིགས་,དམིགས་}ཏེ། བཅོམ་ལྡན་འདས་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི།
D8.018.0261a02.01ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་འདུལ་བ་དང་། ང་རྒྱལ་མ་མཆིས་པའི་སླད་དུ་ཉེ་བར་གནས་སོ། །དེ་དྲན་པ་ཉེ་བར་གཞག་པ་རྣམས་སྒོམ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་བསྒོམས་
D8.018.0261a03.01པའི་སླད་དུ་{དམྱིགས་,དམིགས་}པ་མ་མཆིས། དེ་ཡང་དག་པར་སྤོང་བ་རྣམས་སྒོམ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་བསྒོམས་པའི་སླད་དུ་{དམྱིགས་,དམིགས་}པ་མ་མཆིས། དེ་རྫུ་འཕྲུལ་གྱི་རྐང་པ་རྣམས་སྒོམ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་
D8.018.0261a04.01བསྒོམས་པའི་སླད་དུ་{དམྱིགས་,དམིགས་}པ་མ་མཆིས། དེ་དབང་པོ་རྣམས་སྒོམ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་བསྒོམས་པའི་སླད་དུ་{དམྱིགས་,དམིགས་}པ་མ་མཆིས། དེ་སྟོབས་རྣམས་སྒོམ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་བསྒོམས་པའི་
D8.018.0261a05.01སླད་དུ་{དམྱིགས་,དམིགས་}པ་མ་མཆིས། དེ་བྱང་ཆུབ་ཀྱི་ཡན་ལག་བདུན་སྒོམ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་བསྒོམས་པའི་སླད་དུ་{དམྱིགས་,དམིགས་}པ་མ་མཆིས། དེ་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྒོམ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་
D8.018.0261a06.01ཕྱིན་པ་ཤིན་ཏུ་བསྒོམས་པའི་སླད་དུ་{དམྱིགས་,དམིགས་}པ་མ་མཆིས་ཏེ། བཅོམ་ལྡན་འདས་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་འདུལ་བ་དང་། ང་རྒྱལ་མ་མཆིས་པའི་སླད་དུ་ཉེ་
D8.018.0261a07.01