完整藏文原文 · 德格版页 当前仅加载第 18 函德格 45b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
བྱུང་བའི་ཚོར་བ་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་{མྱིག་,མིག་}གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མ་ཡིན་ནོ། །ཀཽ་ཤི་ཀ་རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མ་
D8.018.0045b01.01ཡིན་ནོ། །ཀཽ་ཤི་ཀ་སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མ་ཡིན་ནོ། །ཀཽ་ཤི་ཀ་ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་ལྕེའི་
D8.018.0045b02.01འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མ་ཡིན་ནོ། །ཀཽ་ཤི་ཀ་ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མ་ཡིན་ནོ། །ཀཽ་ཤི་ཀ་ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནི་མ་
D8.018.0045b03.01བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མ་ཡིན་ནོ། །ཀཽ་ཤི་ཀ་སའི་ཁམས་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་སའི་ཁམས་མ་ཡིན་ནོ། །ཀཽ་ཤི་ཀ་ཆུའི་ཁམས་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་ཆུའི་ཁམས་མ་ཡིན་ནོ། །
D8.018.0045b04.01ཀཽ་ཤི་ཀ་{མྱེའི་,མེའི་}ཁམས་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་{མྱེའི་,མེའི་}ཁམས་མ་ཡིན་ནོ། །ཀཽ་ཤི་ཀ་རླུང་གི་ཁམས་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་རླུང་གི་ཁམས་མ་ཡིན་ནོ། །ཀཽ་ཤི་ཀ་ནམ་མཁའི་ཁམས་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་ནམ་མཁའི་
D8.018.0045b05.01ཁམས་མ་ཡིན་ནོ། །ཀཽ་ཤི་ཀ་རྣམ་པར་ཤེས་པའི་ཁམས་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་རྣམ་པར་ཤེས་པའི་ཁམས་མ་ཡིན་ནོ། །ཀཽ་ཤི་ཀ་མ་རིག་པ་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་མ་རིག་པ་མ་ཡིན་ནོ། །ཀཽ་ཤི་ཀ་འདུ་བྱེད་ནི་མ་བྱུང་བ་སྟེ།
D8.018.0045b06.01གང་མ་བྱུང་བ་དེ་ནི་འདུ་བྱེད་མ་ཡིན་ནོ། །ཀཽ་ཤི་ཀ་རྣམ་པར་ཤེས་པ་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་རྣམ་པར་ཤེས་པ་མ་ཡིན་ནོ། །ཀཽ་ཤི་ཀ་{མྱིང་,མིང་}དང་གཟུགས་ནི་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་{མྱིང་,མིང་}དང་གཟུགས་མ་ཡིན་ནོ། །ཀཽ་ཤི་ཀ་སྐྱེ་མཆེད་
D8.018.0045b07.01