完整藏文原文 · 德格版页 当前仅加载第 18 函德格 221a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཀཽ་ཤི་ཀ་གཞན་ཡང་དེ་བཞིན་ཉིད་དང་{དམྱིགས་,དམིགས་}པ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་
D8.018.0221a01.01སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བརྒྱ་བྱིན་གྱིས་སྨྲས་པ། བཙུན་པ་རབ་འབྱོར་དེ་རྣམ་པ་གང་གིས་ན་{དམྱིགས་,དམིགས་}པ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་
D8.018.0221a02.01དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཞེས་བྱ། །རབ་{འབྱོརད་,འབྱོར་}ཀྱིས་སྨྲས་པ། ཀཽ་ཤི་ཀ་དེ་ནི་འདི་ལྟར་དེ་བཞིན་ཉིད་མཐའ་ཡས་པའི་ཕྱིར་{དམྱིགས་,དམིགས་}པ་མཐའ་ཡས་
D8.018.0221a03.01སོ། །{དམྱིགས་,དམིགས་}པ་མཐའ་ཡས་པའི་ཕྱིར། དེ་བཞིན་ཉིད་མཐའ་ཡས་སོ། །ཀཽ་ཤི་ཀ་དེ་བཞིན་ཉིད་དང་{དམྱིགས་,དམིགས་}པ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་སོ། །ཀཽ་ཤི་
D8.018.0221a04.01ཀ་གཞན་ཡང་སེམས་ཅན་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་སོ། །བརྒྱ་བྱིན་གྱིས་སྨྲས་པ། བཙུན་པ་རབ་འབྱོར་དེ་རྣམ་པ་གང་གིས་ན་སེམས་ཅན་མཐའ་ཡས་པའི་ཕྱིར།
D8.018.0221a05.01བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་ཡིན་ཞེས་བྱ། །རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས། འདི་ལྟ་སྟེ་སེམས་ཅན་སེམས་ཅན་ཞེས་བྱ་བ་དེ་ཆོས་གང་གི་ཚིག་{བླ་དགས་,བླ་དྭགས་}ཡིན། །
D8.018.0221a06.01བརྒྱ་བྱིན་གྱིས་སྨྲས་པ། བཙུན་པ་རབ་འབྱོར་དེ་ནི་ཆོས་ཀྱི་ཚིག་{བླ་དགས་,བླ་དྭགས་}ཀྱང་མ་ཡིན། ཆོས་མ་ཡིན་པའི་ཚིག་{བླ་དགས་,བླ་དྭགས་}ཀྱང་མེ་ཡིན་ཏེ། འདི་ལྟར་སེམས་ཅན་སེམས་ཅན་ཞེས་བྱ་བ་འདི་ནི་གློ་བུར་དུ་མིང་དུ་བཏགས་པ། དངོས་པོ་{མྱེད་,མེད་}པར་{མྱིང་,མིང་}དུ་བཏགས་
D8.018.0221a07.01