完整藏文原文 · 德格版页 当前仅加载第 18 函德格 300b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
བདེན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་{མྱེད་,མེད་}པ་རྣམས་དང་། གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་རྣམས་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པའི་སྒོ་
D8.018.0300b01.01སྟོང་པ་ཉིད་དང་། མཚན་མ་{མྱེད་,མེད་}པ་དང་། སྨོན་པ་{མྱེད་,མེད་}པ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་རྣམས་དང་། {མྱི་,མི་}འཇིགས་པ་རྣམས་དང་། སོ་སོ་ཡང་དག་
D8.018.0300b02.01པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང་བྲལ་བར་{མྱི་,མི་}འགྱུར་རོ། །དེ་སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བྱ་བའི་སྨོན་ལམ་གྱི་དབང་མ་གཏོགས་པར་ནམ་ཡང་སེམས་ཅན་དམྱལ་བར་{མྱི་,མི་}སྐྱེ། བྱོལ་སོང་གི་སྐྱེ་གནས་སུ་{མྱི་,མི་}
D8.018.0300b03.01སྐྱེ། གཤིན་རྗེའི་འཇིག་རྟེན་དུ་{མྱི་,མི་}སྐྱེའོ། །དེ་ནམ་ཡང་ཡན་ལག་ཉམས་པ་ཅན་དུ་{མྱི་,མི་}འགྱུར། ནམ་ཡང་དབུལ་པོའི་རིགས་སུ་{མྱི་,མི་}སྐྱེ། སྨྱིག་མ་མཁན་གྱི་རིགས་སམ། སྨྱེ་ཤ་ཅན་གྱི་རིགས་སམ། མགར་བ་འམ། ཕྱག་དར་བ་འམ། ཤེན་པ་
D8.018.0300b04.01འམ། ཕག་གསོད་པའི་རིགས་སམ། དམངས་རིགས་སུ་{མྱི་,མི་}སྐྱེ་སྟེ། རྟག་ཏུ་རྒྱུན་{མྱི་,མི་}འཆད་པར་{མྱི་,མི་}ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པར་འགྱུར། འཇིག་རྟེན་གྱི་ཁམས་གང་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་ཤིང་
D8.018.0300b05.01འཚོ་སྐྱོང་བའི་འཇིག་རྟེན་གྱི་ཁམས་དེ་དག་ཏུ་རྫུས་ཤིང་སྐྱེ་བར་འགྱུར་ཏེ། ནམ་ཡང་བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་དང་འབྲལ་བར་{མྱི་,མི་}འགྱུར་རོ། །དེ་འདོད་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བལྟ་བ་དང་། ཕྱག་བྱ་བ་
D8.018.0300b06.01དང་། བསྙེན་བཀུར་བ་དང་། ཆོས་ཉན་པའི་ཕྱིར། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་འགྱུར་ཏེ། དེ་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་ཞིང་། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨྱིན་པར་བྱེད། སངས་
D8.018.0300b07.01