藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 18 函德格 325a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོས་བརྒྱའི་ཆར་ཡང་ཉེ་བར་{མྱི་,མི་}འགྲོའོ། །སྟོང་གི་ཆར་ཡང་ཉེ་བར་{མྱི་,མི་}འགྲོའོ། །བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་{མྱི་,མི་}འགྲོའོ། །བྱེ་བའི་ཆར་ཡང་ཉེ་བར་{མྱི་,མི་}འགྲོའོ། །བྱེ་བ་བརྒྱའི་ཆར་

D8.018.0325a01.01
2

ཡང་ཉེ་བར་{མྱི་,མི་}འགྲོའོ། །བྱེ་བ་སྟོང་གི་ཆར་ཡང་ཉེ་བར་{མྱི་,མི་}འགྲོའོ། །བྱེ་བ་བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་{མྱི་,མི་}འགྲོའོ། །བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་{མྱི་,མི་}འགྲོའོ། །གྲངས་སུ་ཡང་ཉེ་བར་{མྱི་,མི་}འགྲོའོ། །ཆར་ཡང་ཉེ་བར་{མྱི་,མི་}

D8.018.0325a02.01
3

འགྲོའོ། །བགྲང་བར་ཡང་ཉེ་བར་{མྱི་,མི་}འགྲོའོ། །དཔེར་ཡང་{མྱི་,མི་}འགྲོའོ། །རྒྱུར་ཡང་{མྱི་,མི་}བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་ཉན་ཐོས་དང་། རང་སངས་རྒྱས་ཀྱིས་ལས། སེམས་རྣམ་པར་གྲོལ་

D8.018.0325a03.01
4

ཡང་ཆོས་གང་ཡང་ཡོངས་སུ་ཤེས་པ་{མྱེད་,མེད་}དོ། །ཀཽ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བྲིས་ཤིང་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་

D8.018.0325a04.01
5

བྱེད་པ་དེ་ལ་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས་དེ་ལ་རིམ་གྲོར་བྱེད་པ་དང་། བཀུར་བསྟིར་བྱེད་པ་དང་། ཕུ་དུད་དུ་བྱེད་པ་

D8.018.0325a05.01
6

དང་། མཆོད་པར་བྱེད་པ་དེ་དག་ཚེ་འདི་ཉིད་དང་། ཚེ་རབས་ཕྱི་མ་ལ་ཡོན་ཏན་དེ་དག་རྣམ་པ་དེ་བཞིན་དུ་ཐོབ་པར་ངས་བཤད་དོ། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

D8.018.0325a06.01
7

འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བགྱིད་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མ་བྲལ་བར་བགྱིད་པ་དང་། ཤེས་རབ་ཀྱི་ཕ་{རོལད་,རོལ་}ཏུ་{ཕྱིནད་,ཕྱིན་}པ་འདི་བྲིས་ཤིང་

D8.018.0325a07.01