藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 18 函德格 19a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

བ་{མྱེད་,མེད་}པ་ཕྱིར་{མྱི་,མི་}འོང་བའི་འབྲས་བུ་ཞེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར་རོ། །ཕྱིར་{མྱི་,མི་}འོང་བའི་འབྲས་བུ་ཞི་ཞེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར། ཞི་བ་ཕྱིར་{མྱི་,མི་}འོང་བའི་འབྲས་བུ་ཞེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར་

D8.018.0019a01.01
2

རོ། །ཕྱིར་མི་འོང་བའི་འབྲས་བུ་དབེན་ཞེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར། དབེན་པ་ཕྱིར་{མྱི་,མི་}འོང་བའི་འབྲས་བུ་ཞེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར་རོ། །དགྲ་བཅོམ་པ་ཉིད་སྟོང་ཞེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར། སྟོང་པ་ཉིད་

D8.018.0019a02.01
3

དགྲ་བཅོམ་པ་ཉིད་ཅེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར་རོ། །དགྲ་བཅོམ་པ་ཉིད་མཚན་མ་{མྱེད་,མེད་}ཅེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར། མཚན་མ་{མྱེད་,མེད་}པ་དགྲ་བཅོམ་པ་ཉིད་ཅེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར་རོ། །དགྲ་བཅོམ་པ་ཉིད་

D8.018.0019a03.01
4

སྨོན་པ་{མྱེད་,མེད་}ཅེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར། སྨོན་པ་{མྱེད་,མེད་}པ་དགྲ་བཅོམ་པ་ཉིད་ཅེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར་རོ། །དགྲ་བཅོམ་པ་ཉིད་སྐྱེ་བ་{མྱེད་,མེད་}ཅེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར། སྐྱེ་བ་{མྱེད་,མེད་}པ་དགྲ་བཅོམ་པ་ཉིད་ཅེས་

D8.018.0019a04.01
5

བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར་རོ། །དགྲ་བཅོམ་པ་ཉིད་འགག་པ་{མྱེད་,མེད་}ཅེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར། འགག་པ་{མྱེད་,མེད་}པ་དགྲ་བཅོམ་པ་ཉིད་ཅེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར་རོ། །དགྲ་བཅོམ་པ་ཉིད་ཞི་ཞེས་བྱ་བར་རྣམ་

D8.018.0019a05.01
6

པར་རྟོག་པར་{མྱི་,མི་}འགྱུར། ཞི་བ་དགྲ་བཅོམ་པ་ཉིད་ཅེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར་རོ། །དགྲ་བཅོམ་པ་ཉིད་དབེན་ཞེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར། དབེན་པ་དགྲ་བཅོམ་པ་ཉིད་ཅེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར་རོ། །

D8.018.0019a06.01
7

རང་བྱང་ཆུབ་སྟོང་ཞེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར། སྟོང་པ་ཉིད་རང་བྱང་ཆུབ་ཅེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར་རོ། །རང་བྱང་ཆུབ་མཚན་མ་{མྱེད་,མེད་}ཅེས་བྱ་བར་རྣམ་པར་རྟོག་པར་{མྱི་,མི་}འགྱུར། མཚན་མ་{མྱེད་,མེད་}པ་རང་བྱང་ཆུབ་

D8.018.0019a07.01