完整藏文原文 · 德格版页 当前仅加载第 18 函德格 138a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཐམས་ཅད་ཤེས་པ་ཉིད་ལས་ཀྱང་བཙལ་བར་{མྱི་,མི་}བྱ། ཐམས་ཅད་ཤེས་པ་ཉིད་ལས་གཞན་དུ་ཡང་བཙལ་བར་{མྱི་,མི་}བྱའོ། །དེ་ཅིའི་ཕྱིར་
D8.018.0138a01.01ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་ཐམས་ཅད་ཤེས་པ་ཉིད་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། བཙལ་བ་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ནི་ལྡན་པ་ཡང་མ་ཡིན་{མྱི་,མི་}ལྡན་པ་
D8.018.0138a02.01ཡང་མ་ཡིན། གཟུགས་{མྱེད་,མེད་}པ། བལྟར་{མྱེད་,མེད་}པ། ཐོགས་པ་{མྱེད་,མེད་}པ། མཚན་ཉིད་གཅིག་པ་སྟེ། འདི་ལྟར་མཚན་ཉིད་{མྱེད་,མེད་}པའོ། །ཀཽ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ལམ་གྱི་རྣམ་
D8.018.0138a03.01པ་ཤེས་པ་ཉིད་ལས་ཀྱང་བཙལ་བར་{མྱི་,མི་}བྱ། ལམ་གྱི་རྣམ་པ་ཤེས་པ་ཉིད་ལས་གཞན་དུ་ཡང་བཙལ་བར་{མྱི་,མི་}བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་ལམ་གྱི་རྣམ་པ་ཤེས་པ་ཉིད་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་།
D8.018.0138a04.01ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། བཙལ་བ་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ནི་ལྡན་པ་ཡང་མ་ཡིན་{མྱི་,མི་}ལྡན་པ་ཡང་མ་ཡིན། གཟུགས་{མྱེད་,མེད་}པ། བལྟར་{མྱེད་,མེད་}པ། ཐོགས་པ་{མྱེད་,མེད་}པ། མཚན་ཉིད་གཅིག་པ་སྟེ། འདི་ལྟར་མཚན་ཉིད་
D8.018.0138a05.01{མྱེད་,མེད་}པའོ། །ཀཽ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་ཀྱང་བཙལ་བར་{མྱི་,མི་}བྱ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་གཞན་དུ་ཡང་བཙལ་བར་{མྱི་,མི་}བྱའོ། །
D8.018.0138a06.01དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། བཙལ་བ་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ནི་ལྡན་པ་ཡང་
D8.018.0138a07.01