藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 18 函德格 216b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

ཀཽ་ཤི་ཀ་དེ་ནི་འདི་ལྟར་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་མཐའ་དང་དབུས་{མྱི་,མི་}{དམྱིགས་,དམིགས་}སོ། །ཀཽ་ཤི་ཀ་ཐོག་མ་དང་ཐ་མ་{མྱེད་,མེད་}པ་སྟོང་པ་ཉིད་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་

D8.018.0216b01.01
2

སྟེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་ཐོག་མ་དང་ཐ་མ་{མྱེད་,མེད་}པ་སྟོང་པ་ཉིད་ཀྱི་མཐའ་དང་དབུས་{མྱི་,མི་}{དམྱིགས་,དམིགས་}སོ། །ཀཽ་ཤི་ཀ་དོར་བ་{མྱེད་,མེད་}པ་སྟོང་པ་ཉིད་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ།

D8.018.0216b02.01
3

འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་དོར་བ་{མྱེད་,མེད་}པ་སྟོང་པ་ཉིད་ཀྱི་མཐའ་དང་དབུས་{མྱི་,མི་}{དམྱིགས་,དམིགས་}སོ། །ཀཽ་ཤི་ཀ་རང་བཞིན་སྟོང་པ་ཉིད་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་

D8.018.0216b03.01
4

ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་རང་བཞིན་སྟོང་པ་ཉིད་ཀྱི་མཐའ་དང་དབུས་{མྱི་,མི་}{དམྱིགས་,དམིགས་}སོ། །ཀཽ་ཤི་ཀ་ཆོས་ཐམས་ཅད་སྟོང་པ་ཉིད་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་

D8.018.0216b04.01
5

རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་མཐའ་དང་དབུས་{མྱི་,མི་}{དམྱིགས་,དམིགས་}སོ། །ཀཽ་ཤི་ཀ་རང་གི་མཚན་ཉིད་སྟོང་པ་ཉིད་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་

D8.018.0216b05.01
6

སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་མཐའ་དང་དབུས་{མྱི་,མི་}{དམྱིགས་,དམིགས་}སོ། །ཀཽ་ཤི་ཀ་{མྱི་,མི་}{དམྱིགས་,དམིགས་}པ་སྟོང་པ་ཉིད་མཐའ་ཡས་པའི་ཕྱིར། བྱང་ཆུབ་

D8.018.0216b06.01
7

སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐའ་ཡས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་{མྱི་,མི་}{དམྱིགས་,དམིགས་}པ་སྟོང་པ་ཉིད་ཀྱི་མཐའ་དང་དབུས་{མྱི་,མི་}{དམྱིགས་,དམིགས་}སོ། །ཀཽ་ཤི་ཀ་དངོས་པོ་{མྱེད་,མེད་}པ་སྟོང་པ་ཉིད་མཐའ་ཡས་པའི་ཕྱིར།

D8.018.0216b07.01