藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 18 函德格 131b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

བྱ། {མྱེའི་,མེའི་}ཁམས་ལས་གཞན་དུ་ཡང་བཙལ་བར་{མྱི་,མི་}བྱའོ། །རླུང་གི་ཁམས་ལས་ཀྱང་བཙལ་བར་{མྱི་,མི་}བྱ། རླུང་གི་ཁམས་ལས་གཞན་དུ་ཡང་བཙལ་བར་{མྱི་,མི་}བྱའོ། །ནམ་མཁའི་ཁམས་ལས་ཀྱང་བཙལ་བར་{མྱི་,མི་}བྱ། ནམ་མཁའི་ཁམས་ལས་གཞན་དུ་

D8.018.0131b01.01
2

ཡང་བཙལ་བར་{མྱི་,མི་}བྱའོ། །རྣམ་པར་ཤེས་པའི་ཁམས་ལས་ཀྱང་བཙལ་བར་{མྱི་,མི་}བྱ། རྣམ་པར་ཤེས་པའི་ཁམས་ལས་གཞན་དུ་ཡང་བཙལ་བར་{མྱི་,མི་}བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་སའི་ཁམས་གང་ཡིན་པ་དང་། ཆུའི་ཁམས་གང་

D8.018.0131b02.01
3

ཡིན་པ་དང་། {མྱེའི་,མེའི་}ཁམས་གང་ཡིན་པ་དང་། རླུང་གི་ཁམས་གང་ཡིན་པ་དང་། ནམ་མཁའི་ཁམས་གང་ཡིན་པ་དང་། རྣམ་པར་ཤེས་པའི་ཁམས་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་

D8.018.0131b03.01
4

དང་། བཙལ་བ་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ནི་ལྡན་པ་ཡང་མ་ཡིན་{མྱི་,མི་}ལྡན་པ་ཡང་མ་ཡིན། གཟུགས་{མྱེད་,མེད་}པ། བལྟར་{མྱེད་,མེད་}པ། ཐོགས་པ་{མྱེད་,མེད་}པ། མཚན་ཉིད་གཅིག་པ་སྟེ། འདི་ལྟར་མཚན་ཉིད་{མྱེད་,མེད་}པའོ། །ཀཽ་ཤི་ཀ་གཞན་ཡང་བྱང་ཆུབ་

D8.018.0131b04.01
5

སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། མ་རིག་པ་ལས་ཀྱང་བཙལ་བར་{མྱི་,མི་}བྱ། མ་རིག་པ་ལས་གཞན་དུ་ཡང་བཙལ་བར་{མྱི་,མི་}བྱའོ། །འདུ་བྱེད་ལས་ཀྱང་བཙལ་བར་{མྱི་,མི་}བྱ། འདུ་བྱེད་ལས་གཞན་དུ་ཡང་བཙལ་བར་{མྱི་,མི་}

D8.018.0131b05.01
6

བྱའོ། །རྣམ་པར་ཤེས་པ་ལས་ཀྱང་བཙལ་བར་{མྱི་,མི་}བྱ། རྣམ་པར་ཤེས་པ་ལས་གཞན་དུ་ཡང་བཙལ་བར་{མྱི་,མི་}བྱའོ། །{མྱིང་,མིང་}དང་གཟུགས་ལས་ཀྱང་བཙལ་བར་{མྱི་,མི་}བྱ། {མྱིང་,མིང་}དང་གཟུགས་ལས་གཞན་དུ་ཡང་བཙལ་བར་{མྱི་,མི་}བྱའོ། །སྐྱེ་མཆེད་དྲུག་ལས་ཀྱང་

D8.018.0131b06.01
7

བཙལ་བར་{མྱི་,མི་}བྱ། སྐྱེ་མཆེད་དྲུག་ལས་གཞན་དུ་ཡང་བཙལ་བར་{མྱི་,མི་}བྱའོ། །རེག་པ་ལས་ཀྱང་བཙལ་བར་{མྱི་,མི་}བྱ། རེག་པ་ལས་གཞན་དུ་ཡང་བཙལ་བར་{མྱི་,མི་}བྱའོ། །ཚོར་བ་ལས་ཀྱང་བཙལ་བར་{མྱི་,མི་}བྱ། ཚོར་བ་ལས་གཞན་དུ་ཡང་བཙལ་བར་{མྱི་,མི་}བྱའོ། །

D8.018.0131b07.01