藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 18 函德格 67a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

བར་ཤེས་པ་སྟོང་པ་ཉིད་ཀྱིས། མངོན་པར་ཤེས་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཏིང་ངེ་འཛིན་སྟོང་པ་ཉིད་ཀྱིས། ཏིང་ངེ་འཛིན་སྟོང་པ་ཉིད་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་ངོ་། །གཟུངས་ཀྱི་སྒོ་སྟོང་པ་ཉིད་ཀྱིས།

D8.018.0067a01.01
2

གཟུངས་ཀྱི་སྒོ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་ངོ་། །དེ་བཞིན་གཤེགས་པའི་སྟོབས་སྟོང་པ་ཉིད་ཀྱིས། དེ་བཞིན་གཤེགས་པའི་སྟོབས་སྟོང་པ་ཉིད་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་ངོ་། །{མྱི་,མི་}འཇིགས་པ་སྟོང་པ་ཉིད་ཀྱིས། {མྱི་,མི་}འཇིགས་པ་སྟོང་པ་ཉིད་ཡང་

D8.018.0067a02.01
3

དག་པར་རྗེས་སུ་{མྱི་,མི་}མཐོང་ངོ་། །སོ་སོ་ཡང་དག་པར་རིག་པ་སྟོང་པ་ཉིད་ཀྱིས། སོ་སོ་ཡང་དག་པར་རིག་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་ངོ་། །བྱམས་པ་ཆེན་པོ་སྟོང་པ་ཉིད་ཀྱིས། བྱམས་པ་ཆེན་པོ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་ངོ་། །སྙིང་

D8.018.0067a03.01
4

རྗེ་ཆེན་པོ་སྟོང་པ་ཉིད་ཀྱིས། སྙིང་རྗེ་ཆེན་པོ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་ངོ་། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་སྟོང་པ་ཉིད་ཀྱིས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་ངོ་། །ཐམས་ཅད་ཤེས་པ་ཉིད་སྟོང་པ་ཉིད་

D8.018.0067a04.01
5

ཀྱིས། ཐམས་ཅད་ཤེས་པ་ཉིད་སྟོང་པ་ཉིད་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་ངོ་། །ལམ་གྱི་རྣམ་པ་ཤེས་པ་ཉིད་སྟོང་པ་ཉིད་ཀྱིས། ལམ་གྱི་རྣམ་པ་ཤེས་པ་ཉིད་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྟོང་པ་ཉིད་ཀྱིས།

D8.018.0067a05.01
6

རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྟོང་པ་ཉིད་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་ངོ་། །ཀཽ་ཤི་ཀ་དེ་ལྟར་གང་སྟོང་པ་ཉིད་འདི་ལ་{མྱི་,མི་}སློབ་པ་དེ་ནི་གཉིས་སུ་{མྱེད་,མེད་}པས་སྟོང་པ་ཉིད་ལ་སློབ་པ་སྟེ། དེ་གཉིས་སུ་བྱར་{མྱེད་,མེད་}པར་གཟུགས་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་

D8.018.0067a06.01
7

སུ་བྱར་{མྱེད་,མེད་}པར་ཚོར་བ་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་{མྱེད་,མེད་}པར་འདུ་ཤེས་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་{མྱེད་,མེད་}པར་འདུ་བྱེད་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་བྱར་{མྱེད་,མེད་}པར་རྣམ་པར་ཤེས་པ་སྟོང་པ་ཉིད་ལ་སློབ་བོ། །དེ་གཉིས་སུ་

D8.018.0067a07.01