完整藏文原文 · 德格版页 当前仅加载第 18 函德格 273b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
དང་། ཞེ་སྡང་དང་། གཏི་མུག་བསྲབས་པའི་ཕྱིར། ལན་ཅིག་ཕྱིར་འོང་བར་གྱུར་པ་དང་། དམ་པ་མ་ཡིན་པའི་ཆའི་ཀུན་ཏུ་སྦྱོར་བ་ལྔ་སྤངས་བའི་ཕྱིར། ཕྱིར་{མྱི་,མི་}འོང་བར་གྱུར་པ་དང་། བླ་མའི་ཆའི་ཀུན་ཏུ་སྦྱོར་བ་ལྔ་སྤངས་པའི་ཕྱིར། དགྲ་བཅོམ་
D8.018.0273b01.01པར་གྱུར་པ་དང་། རང་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་དང་། བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་དེ་ལྟ་བུ་ནི་ཉུང་སྟེ། དེ་བས་ཀྱང་གང་བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྤྱོད་པ་དེ་ལྟ་བུ་ནི་ཆེས་
D8.018.0273b02.01ཉུང་ངོ་། །དེ་བས་ཀྱང་བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་འདོད་པ་དེ་ལྟ་བུ་ནི་ཆེས་ཉུང་ངོ་། །ཀཽ་ཤི་ཀ་ངས་འདི་ནས་སངས་རྒྱས་ཀྱི་སྤྱན་བསྒྲིབས་པ་{མྱེད་,མེད་}པས། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་
D8.018.0273b03.01ཀླུང་གི་བྱེ་མ་སྙེད་དག་ན། སེམས་ཅན་ཚད་{མྱེད་,མེད་}གྲངས་{མྱེད་,མེད་}པ་བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྤྱོད་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐབས་མཁས་པ་དང་{མྱི་,མི་}ལྡན་པས་དེ་ལས་གཅིག་གམ་གཉིས་ཤིག་ཕྱིར་{མྱི་,མི་}ལྡོག་པའི་
D8.018.0273b04.01ས་ལ་གནས་པར་འགྱུར་གྱི། དེ་ལས་ཕལ་ཆེར་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལ་གནས་པར་འགྱུར་བ་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་ལེ་ལོ་ཅན། བརྩོན་འགྲུས་{མྱེད་,མེད་}པ།
D8.018.0273b05.01བསམ་པ་ཞན་པ། མོས་པ་དམའ་བ། ཤེས་རབ་འཆལ་པ་ཅན་རྣམས་ཀྱིས་བསྒྲུབ་པར་དཀའོ། །ཀཽ་ཤི་ཀ་ངས་འདི་ནས་སངས་རྒྱས་ཀྱི་སྤྱན་བསྒྲིབས་པ་{མྱེད་,མེད་}པས། ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་
D8.018.0273b06.01དག་ན། སེམས་ཅན་ཚད་{མྱེད་,མེད་}གྲངས་{མྱེད་,མེད་}པ། བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྤྱོད་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐབས་མཁས་པ་དང་{མྱི་,མི་}ལྡན་པས། དེ་ལས་གཅིག་གམ་གཉིས་ཤིག །ཕྱིར་{མྱི་,མི་}
D8.018.0273b07.01