藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 18 函德格 209a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དཔག་ཏུ་{མྱེད་,མེད་}པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་རྣམས་ཀྱི་དཔག་པ་ནི་{དམྱིགས་,དམིགས་}སུ་{མྱེད་,མེད་}དོ། །ཀཽ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའ་དཔག་པ་ནི་{དམྱིགས་,དམིགས་}སུ་

D8.018.0209a01.01
2

{མྱེད་,མེད་}དོ། །ཀཽ་ཤི་ཀ་དེ་བཞིན་དུ་གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་རྣམས་ཀྱི་དཔག་པ་ཡང་{དམྱིགས་,དམིགས་}སུ་{མྱེད་,མེད་}དེ། ནམ་མཁའ་དཔག་ཏུ་{མྱེད་,མེད་}པའི་ཕྱིར། གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་དཔག་ཏུ་{མྱེད་,མེད་}དོ། །གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་དཔག་ཏུ་{མྱེད་,མེད་}པའི་

D8.018.0209a02.01
3

ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དཔག་ཏུ་{མྱེད་,མེད་}དོ། །ཀཽ་ཤི་ཀ་རྣམ་པར་ཐར་པ་དཔག་ཏུ་{མྱེད་,མེད་}པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དཔག་ཏུ་{མྱེད་,མེད་}པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་རྣམ་པར་ཐར་པ་རྣམས་ཀྱི་

D8.018.0209a03.01
4

དཔག་པ་ནི་{དམྱིགས་,དམིགས་}སུ་{མྱེད་,མེད་}དོ། །ཀཽ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའ་དཔག་པ་ནི་{དམྱིགས་,དམིགས་}སུ་{མྱེད་,མེད་}དོ། །ཀཽ་ཤི་ཀ་དེ་བཞིན་དུ་རྣམ་པར་ཐར་པ་རྣམས་ཀྱི་དཔག་པ་ཡང་{དམྱིགས་,དམིགས་}སུ་{མྱེད་,མེད་}དེ། ནམ་མཁའ་དཔག་ཏུ་{མྱེད་,མེད་}པའི་ཕྱིར། རྣམ་པར་ཐར་པ་དཔག་ཏུ་{མྱེད་,མེད་}དོ། །རྣམ་པར་

D8.018.0209a04.01
5

ཐར་པ་དཔག་ཏུ་{མྱེད་,མེད་}པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དཔག་ཏུ་{མྱེད་,མེད་}དོ། །ཀཽ་ཤི་ཀ་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དཔག་ཏུ་{མྱེད་,མེད་}པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དཔག་ཏུ་{མྱེད་,མེད་}པ་སྟེ། དེ་ཅིའི་ཕྱིར་ཞེ་ན།

D8.018.0209a05.01
6

ཀཽ་ཤི་ཀ་དེ་ནི་འདི་ལྟར་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱི་དཔག་པ་ནི་{དམྱིགས་,དམིགས་}སུ་{མྱེད་,མེད་}དོ། །ཀཽ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ནམ་མཁའ་དཔག་པ་ནི་{དམྱིགས་,དམིགས་}སུ་{མྱེད་,མེད་}དོ། །ཀཽ་ཤི་ཀ་དེ་བཞིན་དུ་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱི་

D8.018.0209a06.01
7

དཔག་པ་ཡང་{དམྱིགས་,དམིགས་}སུ་{མྱེད་,མེད་}དེ། ནམ་མཁའ་དཔག་ཏུ་{མྱེད་,མེད་}པའི་ཕྱིར། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དཔག་ཏུ་{མྱེད་,མེད་}དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དཔག་ཏུ་{མྱེད་,མེད་}པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དཔག་ཏུ་{མྱེད་,མེད་}དོ། །ཀཽ་

D8.018.0209a07.01