完整藏文原文 · 德格版页 当前仅加载第 18 函德格 309a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
སུ་བསྔོས་པའི་བསམ་གཏན་ནི། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །གཉིས་སུ་{མྱེད་,མེད་}པའི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པའི་ཤེས་རབ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །{མྱི་,མི་}སྐྱེ་
D8.018.0309a01.01བའི་ཚུལ་དང་། {མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པའི་ཤེས་རབ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །གསོལ་བ། བཅོམ་ལྡན་འདས་ཇི་ལྟར་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་
D8.018.0309a02.01{མྱི་,མི་}སྐྱེ་བའི་ཚུལ་དང་། {མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པའི་སྦྱིན་པ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལགས། ཇི་ལྟར་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་{མྱི་,མི་}སྐྱེ་བའི་ཚུལ་དང་། {མྱི་,མི་}{དམྱིགས་,དམིགས་}
D8.018.0309a03.01པའི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པའི་ཚུལ་ཁྲིམས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལགས། ཇི་ལྟར་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་{མྱི་,མི་}སྐྱེ་བའི་ཚུལ་དང་། {མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་ཀྱིས། རྣམ་
D8.018.0309a04.01པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པའི་བཟོད་པ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལགས། ཇི་ལྟར་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་{མྱི་,མི་}སྐྱེ་བའི་ཚུལ་དང་། {མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་
D8.018.0309a05.01ཡོངས་སུ་བསྔོས་པའི་བརྩོན་འགྲུས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལགས། ཇི་ལྟར་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་{མྱི་,མི་}སྐྱེ་བའི་ཚུལ་དང་། {མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་
D8.018.0309a06.01བསྔོས་པའི་བསམ་གཏན་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལགས། ཇི་ལྟར་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་{མྱི་,མི་}སྐྱེ་བའི་ཚུལ་དང་། {མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པའི་ཤེས་རབ་
D8.018.0309a07.01