藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 18 函德格 240b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

བར་འགྱུར་བ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་ཡོངས་སུ་བཟུང་བར་འགྱུར་བ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་ཡོངས་སུ་བཟུང་བར་འགྱུར་བ་དང་། {མྱི་,མི་}{དམྱིགས་,དམིགས་}པ་སྟོང་པ་ཉིད་ཡོངས་སུ་བཟུང་བར་འགྱུར་བ་དང་། དངོས་པོ་{མྱེད་,མེད་}པ་སྟོང་པ་ཉིད་ཡོངས་སུ་

D8.018.0240b01.01
2

བཟུང་བར་འགྱུར་བ་དང་། ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་བཟུང་བར་འགྱུར་བ་དང་། དངོས་པོ་{མྱེད་,མེད་}པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་བཟུང་བར་འགྱུར་བ་དང་། དྲན་པ་ཉེ་བར་གཞག་པ་རྣམས་ཡོངས་སུ་བཟུང་བར་འགྱུར་བ་དང་། ཡང་དག་པར་སྤོང་བ་

D8.018.0240b02.01
3

རྣམས་ཡོངས་སུ་བཟུང་བར་འགྱུར་བ་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་ཡོངས་སུ་བཟུང་བར་འགྱུར་བ་དང་། དབང་པོ་རྣམས་ཡོངས་སུ་བཟུང་བར་འགྱུར་བ་དང་། སྟོབས་རྣམས་ཡོངས་སུ་བཟུང་བར་འགྱུར་བ་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་

D8.018.0240b03.01
4

ཡོངས་སུ་བཟུང་བར་འགྱུར་བ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་བཟུང་བར་འགྱུར་བ་དང་། འཕགས་པའི་བདེན་པ་རྣམས་ཡོངས་སུ་བཟུང་བར་འགྱུར་བ་དང་། བསམ་གཏན་རྣམས་ཡོངས་སུ་བཟུང་བར་འགྱུར་བ་དང་། ཚད་

D8.018.0240b04.01
5

{མྱེད་,མེད་}པ་རྣམས་ཡོངས་སུ་བཟུང་བར་འགྱུར་བ་དང་། གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་རྣམས་ཡོངས་སུ་བཟུང་བར་འགྱུར་བ་དང་། རྣམ་པར་ཐར་པ་རྣམས་ཡོངས་སུ་བཟུང་བར་འགྱུར་བ་དང་། {མཐརད་,མཐར་}ཀྱིས་གནས་པའི་སྙོམས་པར་འཇུག་པ་

D8.018.0240b05.01
6

རྣམས་ཡོངས་སུ་བཟུང་བར་འགྱུར་བ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་{མྱེད་,མེད་}པ་དང་། སྨོན་པ་{མྱེད་,མེད་}པ་ཡོངས་སུ་བཟུང་བར་འགྱུར་བ་དང་། མངོན་པར་ཤེས་པ་རྣམས་ཡོངས་སུ་བཟུང་བར་འགྱུར་བ་དང་། ཏིང་ངེ་འཛིན་

D8.018.0240b06.01
7

རྣམས་ཡོངས་སུ་བཟུང་བར་འགྱུར་བ་དང་། གཟུངས་ཀྱི་སྒོ་རྣམས་ཡོངས་སུ་བཟུང་བར་འགྱུར་བ་དང་། དེ་བཞིན་གཤེགས་པའི་སྟོབས་རྣམས་ཡོངས་སུ་བཟུང་བར་འགྱུར་བ་དང་། {མྱི་,མི་}འཇིགས་པ་རྣམས་ཡོངས་སུ་བཟུང་བར་འགྱུར་བ་དང་།

D8.018.0240b07.01