藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 18 函德格 347a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

བསམ་གཏན་རྣམས་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་ཚད་{མྱེད་,མེད་}པ་རྣམས་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་ཚད་{མྱེད་,མེད་}པ་རྣམས་ནི་སྨོས་སུ་མ་མཆིས་པའོ། །

D8.018.0347a01.01
2

བཅོམ་ལྡན་འདས་གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་རྣམས་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་རྣམས་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་

D8.018.0347a02.01
3

འདས་རྣམ་པར་ཐར་པ་རྣམས་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་རྣམ་པར་ཐར་པ་རྣམས་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ནི་

D8.018.0347a03.01
4

མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་

D8.018.0347a04.01
5

མ་མེད་པ་དང་། སྨོན་པ་{མྱེད་,མེད་}པ་ནི། མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་{མྱེད་,མེད་}པ་དང་། སྨོན་པ་{མྱེད་,མེད་}པ་ནི་སྨོས་སུ་མ་མཆིས་པའོ། །

D8.018.0347a05.01
6

བཅོམ་ལྡན་འདས་མངོན་པར་ཤེས་པ་རྣམས་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་མངོན་པར་ཤེས་པ་རྣམས་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་ཏིང་ངེ་འཛིན་རྣམས་ནི་མཚན་མ་མ་

D8.018.0347a06.01
7

མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་ཏིང་ངེ་འཛིན་རྣམས་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་གཟུངས་ཀྱི་སྒོ་རྣམས་ནི་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་དུ་མ་མཆིས་པ་སྟེ།

D8.018.0347a07.01