藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 18 函德格 130b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་{མྱིག་,མིག་}གི་འདུས་ཏེ་རེག་པ་ལས་ཀྱང་བཙལ་བར་{མྱི་,མི་}བྱ། {མྱིག་,མིག་}གི་འདུས་ཏེ་རེག་པ་ལས་གཞན་དུ་ཡང་བཙལ་བར་{མྱི་,མི་}བྱའོ། །རྣ་བའི་འདུས་ཏེ་རེག་པ་ལས་ཀྱང་བཙལ་བར་{མྱི་,མི་}བྱ། རྣ་བའི་འདུས་ཏེ་རེག་པ་ལས་གཞན་དུ་ཡང་བཙལ་བར་{མྱི་,མི་}བྱ་

D8.018.0130b01.01
2

འོ། །སྣའི་འདུས་ཏེ་རེག་པ་ལས་ཀྱང་བཙལ་བར་{མྱི་,མི་}བྱ། སྣའི་འདུས་ཏེ་རེག་པ་ལས་གཞན་དུ་ཡང་བཙལ་བར་{མྱི་,མི་}བྱའོ། །ལྕེའི་འདུས་ཏེ་རེག་པ་ལས་ཀྱང་བཙལ་བར་{མྱི་,མི་}བྱ། ལྕེའི་འདུས་ཏེ་རེག་པ་ལས་གཞན་དུ་ཡང་བཙལ་བར་{མྱི་,མི་}བྱའོ། །ལུས་ཀྱི་འདུས་

D8.018.0130b02.01
3

ཏེ་རེག་པ་ལས་ཀྱང་བཙལ་བར་{མྱི་,མི་}བྱ། ལུས་ཀྱི་འདུས་ཏེ་རེག་པ་ལས་གཞན་དུ་ཡང་བཙལ་བར་{མྱི་,མི་}བྱའོ། །ཡིད་ཀྱི་འདུས་ཏེ་རེག་པ་ལས་ཀྱང་བཙལ་བར་{མྱི་,མི་}བྱ། ཡིད་ཀྱི་འདུས་ཏེ་རེག་པ་ལས་གཞན་དུ་ཡང་བཙལ་བར་{མྱི་,མི་}བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་

D8.018.0130b03.01
4

ཤི་ཀ་དེ་ནི་འདི་ལྟར་{མྱིག་,མིག་}གི་འདུས་ཏེ་རེག་པ་གང་ཡིན་པ་དང་། རྣ་བའི་འདུས་ཏེ་རེག་པ་གང་ཡིན་པ་དང་། སྣའི་འདུས་ཏེ་རེག་པ་གང་ཡིན་པ་དང་། ལྕེའི་འདུས་ཏེ་རེག་པ་གང་ཡིན་པ་དང་། ལུས་ཀྱི་འདུས་ཏེ་རེག་པ་གང་ཡིན་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་

D8.018.0130b04.01
5

གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་གང་ཡིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། བཙལ་བ་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ནི་ལྡན་པ་ཡང་མ་ཡིན་{མྱི་,མི་}ལྡན་པ་ཡང་མ་ཡིན། གཟུགས་{མྱེད་,མེད་}པ། བལྟར་{མྱེད་,མེད་}པ། ཐོགས་པ་

D8.018.0130b05.01
6

{མྱེད་,མེད་}པ། མཚན་ཉིད་གཅིག་པ་སྟེ། འདི་ལྟར་མཚན་ཉིད་{མྱེད་,མེད་}པའོ། །ཀཽ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་{མྱིག་,མིག་}གི་འདུས་ཏེ་རེག་པའི་རྐྱེནད་ཀྱིས་ཚོར་བ་ལས་ཀྱང་བཙལ་བར་{མྱི་,མི་}བྱ།

D8.018.0130b06.01
7

{མྱིག་,མིག་}གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལས་གཞན་དུ་ཡང་བཙལ་བར་{མྱི་,མི་}བྱའོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལས་ཀྱང་བཙལ་བར་{མྱི་,མི་}བྱ། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལས་གཞན་དུ་ཡང་བཙལ་བར་{མྱི་,མི་}བྱའོ། །

D8.018.0130b07.01