藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 18 函德格 169a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་ལུས་ཀྱི་སྔོན་གྱི་མཐའ་{མྱི་,མི་}{དམྱིགས,དམིགས}། ཕྱི་མའི་མཐའ་{མྱི་,མི་}{དམྱིགས,དམིགས}། དབུས་{མྱི་,མི་}{དམྱིགས་,དམིགས་}སོ། །ཀཽ་ཤི་ཀ་ཡིད་རྒྱ་ཆེ་བའི་

D8.018.0169a01.01
2

ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་ཡིད་ཀྱི་སྔོན་གྱི་མཐའ་{མྱི་,མི་}{དམྱིགས,དམིགས}། ཕྱི་མའི་མཐའ་{མྱི་,མི་}{དམྱིགས,དམིགས}། དབུས་{མྱི་,མི་}{དམྱིགས་,དམིགས་}སོ། །ཀཽ་ཤི་ཀ་གཟུགས་

D8.018.0169a02.01
3

རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་གཟུགས་ཀྱི་སྔོན་གྱི་མཐའ་{མྱི་,མི་}{དམྱིགས,དམིགས}། ཕྱི་མའི་མཐའ་{མྱི་,མི་}{དམྱིགས,དམིགས}། དབུས་{མྱི་,མི་}{དམྱིགས་,དམིགས་}སོ། །ཀཽ་

D8.018.0169a03.01
4

ཤི་ཀ་སྒྲ་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་སྒྲའི་སྔོན་གྱི་མཐའ་{མྱི་,མི་}{དམྱིགས,དམིགས}། ཕྱི་མའི་མཐའ་{མྱི་,མི་}{དམྱིགས,དམིགས}། དབུས་{མྱི་,མི་}{དམྱིགས་,དམིགས་}སོ། །

D8.018.0169a04.01
5

ཀཽ་ཤི་ཀ་དྲི་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་དྲིའི་སྔོན་གྱི་མཐའ་{མྱི་,མི་}{དམྱིགས,དམིགས}། ཕྱི་མའི་མཐའ་{མྱི་,མི་}{དམྱིགས,དམིགས}། དབུས་{མྱི་,མི་}{དམྱིགས་,དམིགས་}སོ། །ཀཽ་ཤི་

D8.018.0169a05.01
6

ཀ་རོ་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་རོའི་སྔོན་གྱི་མཐའ་{མྱི་,མི་}{དམྱིགས,དམིགས}། ཕྱི་མའི་མཐའ་{མྱི་,མི་}{དམྱིགས,དམིགས}། དབུས་{མྱི་,མི་}{དམྱིགས་,དམིགས་}སོ། །ཀཽ་ཤི་ཀ་

D8.018.0169a06.01
7

རེག་རྒྱ་ཆེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྒྱ་ཆེ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་རེག་གི་སྔོན་གྱི་མཐའ་{མྱི་,མི་}{དམྱིགས,དམིགས}། ཕྱི་མའི་མཐའ་{མྱི་,མི་}{དམྱིགས,དམིགས}། དབུས་{མྱི་,མི་}{དམྱིགས་,དམིགས་}སོ། །

D8.018.0169a07.01