藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 18 函德格 257b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

ཡོངས་སུ་དག་པར་ཡང་{མྱི་,མི་}འགྱུར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་ཡང་{མྱི་,མི་}འགྱུར་རོ། །གལ་ཏེ་ལེ་ལོར་གྱུར་ན། བདག་གིས་བྱང་ཆུབ་ཀྱི་ལམ་ཐོབ་པར་ཡང་{མྱི་,མི་}ནུས། སེམས་ཅན་ཡོངས་སུ་སྨྱིན་པར་ཡང་{མྱི་,མི་}འགྱུར། སངས་རྒྱས་ཀྱི་

D8.018.0257b01.01
2

ཞིང་ཡོངས་སུ་དག་པར་ཡང་{མྱི་,མི་}འགྱུར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་ཡང་{མྱི་,མི་}འགྱུར་རོ། །གལ་ཏེ་སེམས་འཁྲུག་པར་གྱུར་ན། བདག་གིས་ཏིང་ངེ་འཛིན་གང་གིས་སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་འགྱུར་བ་དེ་ལྟ་བུའི་ཏིང་ངེ་འཛིན་

D8.018.0257b02.01
3

བསྐྱེད་པར་{མྱི་,མི་}ནུས། བདག་གིས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་ཡང་{མྱི་,མི་}འགྱུར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འཐོབ་པར་ཡང་མི་འགྱུར་རོ། །གལ་ཏེ་ཤེས་རབ་འཆལ་བར་གྱུར་ན། བདག་གིས་ཤེས་རབ་དང་ཐབས་

D8.018.0257b03.01
4

མཁས་པས་ཉན་ཐོས་ཀྱིས་དང་རང་སངས་རྒྱས་ཀྱིས་ལས་བཟླས་ཏེ། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱས་ནས། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱངས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བར་ཡང་{མྱི་,མི་}ནུས་སོ། །

D8.018.0257b04.01
5

ཞེས་དེ་འདི་ལྟར་ཡང་དག་པར་སློབ་སྟེ། དེ་ལྟར་བདག་གིས་སེར་སྣའི་དབང་གིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་{མྱི་,མི་}བྱ་བ་ནི་{མྱི་,མི་}རིགས་{མྱི་,མི་}ཆའོ། །ཚུལ་ཁྲིམས་ངན་པའི་དབང་གིས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་

D8.018.0257b05.01
6

རྫོགས་པར་{མྱི་,མི་}བྱ་བ་ནི་{མྱི་,མི་}རིགས་{མྱི་,མི་}ཆའོ། །གནོད་སེམས་ཀྱི་དབང་གིས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་{མྱི་,མི་}བྱ་བ་ནི་{མྱི་,མི་}རིགས་{མྱི་,མི་}ཆའོ། །ལེ་ལོའི་དབང་གིས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་{མྱི་,མི་}བྱ་བ་

D8.018.0257b06.01
7

ནི་{མྱི་,མི་}རིགས་{མྱི་,མི་}ཆའོ། །འཁྲུག་པའི་དབང་གིས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་{མྱི་,མི་}བྱ་བ་ནི་{མྱི་,མི་}རིགས་{མྱི་,མི་}ཆའོ། །ཤེས་རབ་འཆལ་བའི་དབང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་{མྱི་,མི་}བྱ་བ་ནི་{མྱི་,མི་}

D8.018.0257b07.01