完整藏文原文 · 德格版页 当前仅加载第 18 函德格 55a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
ཏོ།། །།ཤེས་རབ་ཀྱི་ཕ་{རོལད་,རོལ་}ཏུ་{ཕྱིནད་,ཕྱིན་}པ་སྟོང་ཕྲག་བརྒྱ་པ། བམ་པོ་ལྔ་པ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་
D8.018.0055a01.01སྨྲས་སོ། །ཀཽ་ཤི་ཀ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་ཆོས་ཐམས་ཅད་ནི་བཏགས་པ་ཙམ་དུ་བསྟན་ཏོ། །ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་དེ་ལྟར་ཆོས་ཐམས་ཅད་བཏགས་པ་ཙམ་དུ་རིག་
D8.018.0055a02.01པར་བྱ་སྟེ། ཤེས་རབ་ཀྱི་ཕ་{རོལད་,རོལ་}ཏུ་{ཕྱིནད་,ཕྱིན་}པ་ལ་བསླབ་པར་བྱའོ། །ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སློབ་པ་ནི། གཟུགས་ལ་{མྱི་,མི་}སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་གཟུགས་
D8.018.0055a03.01དེ་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་ངོ་། །ཚོར་བ་ལ་{མྱི་,མི་}སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་ཚོར་བ་དེ་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་ངོ་། །འདུ་ཤེས་ལ་{མྱི་,མི་}སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་
D8.018.0055a04.01པར་བྱ་བའི་འདུ་ཤེས་དེ་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་ངོ་། །འདུ་བྱེད་ལ་{མྱི་,མི་}སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་འདུ་བྱེད་དེ་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་ངོ་། །རྣམ་པར་ཤེས་པ་ལ་{མྱི་,མི་}སློབ་སྟེ། དེ་ཅིའི་
D8.018.0055a05.01ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་རྣམ་པར་ཤེས་པ་དེ་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་ངོ་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སློབ་པ་ནི། {མྱིག་,མིག་}ལ་{མྱི་,མི་}སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་
D8.018.0055a06.01པར་བྱ་བའི་{མྱིག་,མིག་}དེ་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་ངོ་། རྣ་བ་ལ་{མྱི་,མི་}སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་པར་བྱ་བའི་རྣ་བ་དེ་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་ངོ་། སྣ་ལ་{མྱི་,མི་}སློབ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་གང་ལ་བསླབ་
D8.018.0055a07.01