藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 16 函德格 10b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

{དམྱིགས་,དམིགས་}ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་{མྱེད་,མེད་}པར། སྲིད་པ་དངོས་པོ་{མྱེད་,མེད་}པ་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། {དམྱིགས་,དམིགས་}པའི་ཚུལ་

D8.016.0010b01.01
2

གྱིས་དང་པོ་{མྱེད་,མེད་}པ་སྟོང་པ་ཉིད་ཀྱང་{དམྱིགས་,དམིགས་}ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་{མྱེད་,མེད་}པར། སྲིད་པ་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ།

D8.016.0010b02.01
3

{དམྱིགས་,དམིགས་}པའི་ཚུལ་གྱིས་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་{དམྱིགས་,དམིགས་}ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་{མྱེད་,མེད་}པར། སྲིད་པ་དངོས་པོ་{མྱེད་,མེད་}པའི་ངོ་བོ་

D8.016.0010b03.01
4

ཉིད་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། {དམྱིགས་,དམིགས་}པའི་ཚུལ་གྱིས་དངོས་པོ་{མྱེད་,མེད་}པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་{དམྱིགས་,དམིགས་}ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དེ། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། །དེ་ཤེས་རབ་ཀྱི་ཕ་རོལ་

D8.016.0010b04.01
5

ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་{མྱེད་,མེད་}པར། སྐྱེ་བ་ནང་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། {དམྱིགས་,དམིགས་}པའི་ཚུལ་གྱིས་ནང་སྟོང་པ་ཉིད་ཀྱང་{དམྱིགས་,དམིགས་}ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་རབ་ཀྱི་

D8.016.0010b05.01
6

ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་{མྱེད་,མེད་}པར། སྐྱེ་བ་ཕྱི་སྟོང་བ་ཞེས་བྱ་བར་ཡིད་ལ་བྱེད་དེ། {དམྱིགས་,དམིགས་}པའི་ཚུལ་གྱིས་ཕྱི་སྟོང་པ་ཉིད་ཀྱང་{དམྱིགས་,དམིགས་}ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །དེ་ཤེས་

D8.016.0010b06.01
7

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་{མྱེད་,མེད་}པར། སྐྱེ་བ་སྟོང་པ་ཉིད་སྟོང་པ་ཞེས་བྱ་བར་ཡིད་ལ་བྱེད་དེ། {དམྱིགས་,དམིགས་}པའི་ཚུལ་གྱིས་ཕྱི་ནང་སྟོང་པ་ཉིད་ཀྱང་{དམྱིགས་,དམིགས་}ལ། སྟོང་པ་ཉིད་ཀྱིས་ཀྱང་རློམ་སེམས་སུ་བྱེད་དོ། །

D8.016.0010b07.01