完整藏文原文 · 德格版页 当前仅加载第 16 函德格 234a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
ལྟ་སྟེ་དཔེར་ན། ཐ་སྙད་ནི་གནས་པ་ཡང་མ་ཡིན་མིྱ་གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་{མྱི་,མི་}གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། གདགས་པ་ནི་
D8.016.0234a01.01གནས་པ་ཡང་མ་ཡིན་{མྱི་,མི་}གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་{མྱི་,མི་}གནས་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་{མྱིང་,མིང་}གི་ངོ་བོ་ཉིད་ལ་ནི་གནས་པ་འམ་{མྱི་,མི་}གནས་པ་{མྱེད་,མེད་}དོ། །མཚན་
D8.016.0234a02.01མའི་ངོ་བོ་ཉིད་ལ་ནི་གནས་པ་འམ་{མྱི་,མི་}གནས་པ་{མྱེད་,མེད་}དོ། །བརྡའི་ངོ་བོ་ཉིད་ལ་ནི་གནས་པ་འམ་{མྱི་,མི་}གནས་པ་{མྱེད་,མེད་}དོ། །ཐ་སྙད་ཀྱི་ངོ་བོ་ཉིད་ལ་ནི་གནས་པ་འམ་{མྱི་,མི་}གནས་པ་{མྱེད་,མེད་}དོ། །གདགས་པའི་ངོ་བོ་ཉིད་ལ་ནི་གནས་པ་འམ་{མྱི་,མི་}གནས་པ་{མྱེད་,མེད་}དོ། །
D8.016.0234a03.01དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་{མྱིང་,མིང་}གི་ངོ་བོ་ཉིད་{མྱིང་,མིང་}གི་ངོ་བོ་ཉིད་ཀྱིས་སྟོང་པ་འི་ཕྱིར་རོ། །མཚན་མའི་ངོ་བོ་ཉིད་ལ་མཚན་མའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །བརྡའི་ངོ་བོ་ཉིད་བརྡའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །ཐ་སྙད་ཀྱི་ངོ་
D8.016.0234a04.01བོ་ཉིད་ཐ་སྙད་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །གདགས་པའི་ངོ་བོ་ཉིད་གདགས་པའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྐྱེ་བ་མེད་པ་ནི་གནས་པ་ཡང་མ་ཡིན་{མྱི་,མི་}གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་
D8.016.0234a05.01བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་{མྱི་,མི་}གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། འགག་པ་{མྱེད་,མེད་}པ་ནི་གནས་པ་ཡང་མ་ཡིན་{མྱི་,མི་}གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་
D8.016.0234a06.01པ་ཡང་མ་ཡིན་{མྱི་,མི་}གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཀུན་ནས་ཉོན་མོངས་པ་{མྱེད་,མེད་}པ་ནི། གནས་པ་ཡང་མ་ཡིན་{མྱི་,མི་}གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་{མྱི་,མི་}གནས་
D8.016.0234a07.01