藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 16 函德格 337a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

བྱང་ཆུབ་སེམས་དཔའ་ཀུན་ཏུ་མཐའ་ཡས་པར་རིག་པར་བགྱིའོ། །ཚོར་བ་ཀུན་ཏུ་མཐའ་ཡས་པའི་སླད་དུ། བྱང་ཆུབ་སེམས་དཔའ་ཀུན་ཏུ་མཐའ་ཡས་པར་རིག་པར་བགྱིའོ། །འདུ་ཤེས་ཀུན་ཏུ་མཐའ་ཡས་པའི་སླད་དུ། བྱང་ཆུབ་

D8.016.0337a01.01
2

སེམས་དཔའ་ཀུན་ཏུ་མཐའ་ཡས་པར་རིག་པར་བགྱིའོ། །འདུ་བྱེད་ཀུན་ཏུ་མཐའ་ཡས་པའི་སླད་དུ། བྱང་ཆུབ་སེམས་དཔའ་ཀུན་ཏུ་མཐའ་ཡས་པར་རིག་པར་བགྱིའོ། །རྣམ་པར་ཤེས་པ་ཀུན་ཏུ་མཐའ་ཡས་པའི་སླད་དུ། བྱང་ཆུབ་སེམས་དཔའ་

D8.016.0337a02.01
3

ཀུན་ཏུ་མཐའ་ཡས་པར་རིག་པར་བགྱི་སྟེ། གཟུགས་བྱང་ཆུབ་སེམས་དཔའ་ཞེས་བགྱི་བ་དེ་ལྟ་བུ་ཡང་མ་མཆིས་{མྱི་,མི་}{དམྱིགས་,དམིགས་}སོ། །ཚོར་བ་བྱང་ཆུབ་སེམས་དཔའ་ཞེས་བགྱི་བ་དེ་ལྟ་བུ་ཡང་མ་མཆིས་{མྱི་,མི་}{དམྱིགས་,དམིགས་}སོ། །འདུ་ཤེས་བྱང་ཆུབ་སེམས་

D8.016.0337a03.01
4

དཔའ་ཞེས་བགྱི་བ་དེ་ལྟ་བུ་ཡང་མ་མཆིས་{མྱི་,མི་}{དམྱིགས་,དམིགས་}སོ། །འདུ་བྱེད་བྱང་ཆུབ་སེམས་དཔའ་ཞེས་བགྱི་བ་དེ་ལྟ་བུ་ཡང་མ་མཆིས་{མྱི་,མི་}{དམྱིགས་,དམིགས་}སོ། །རྣམ་པར་ཤེས་པ་བྱང་ཆུབ་སེམས་དཔའ་ཞེས་བགྱི་བ་དེ་ལྟ་བུ་ཡང་མ་མཆིས་{མྱི་,མི་}

D8.016.0337a04.01
5

{དམྱིགས་,དམིགས་}ཏེ། བཅོམ་ལྡན་འདས་དེ་ལྟར་བདག་གིས་བྱང་ཆུབ་སེམས་དཔའ་ཐམས་ཅད་དུ་ཐམས་ཅད། རྣམ་པ་ཐམས་ཅད་དུ་ཐམས་ཅད་ཡང་དག་པར་རྗེས་སུ་མ་མཐོང་སྟེ། མ་{དམྱིགས་,དམིགས་}ན། བྱང་ཆུབ་སེམས་དཔའ་གང་ཞིག་ཤེས་

D8.016.0337a05.01
6

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གདམས་ཤིང་རྗེས་སུ་བསྟན་པར་བགྱི། བྱང་ཆུབ་སེམས་དཔའ་ཉིད་ཀྱང་རིལ་གྱིས་ཡང་དག་པར་རྗེས་སུ་མ་མཐོང་མ་{དམྱིགས་,དམིགས་}ན། བྱང་ཆུབ་སེམས་དཔའ་གང་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་

D8.016.0337a06.01
7

གདམས་ཤིང་བསྟན་པར་བགྱི། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཞེས་བགྱི་བ་འདི་ནི་{མྱིང་,མིང་}ཙམ་དུ་བས་ཏེ། བཅོམ་ལྡན་འདས་ཇི་ལྟར་བདག་བདག་ཅེས་བགྱི་བ་ཡང་། བདག་ལ་མངོན་པར་གྲུབ་པ་མ་མཆིས་སོ། །བཅོམ་ལྡན་འདས་དེ་

D8.016.0337a07.01