藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 16 函德格 233a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

ཉིད་ཀྱིས་སྟོང་པའི་ཕྱིར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། རྒྱུན་ཏུ་ཞུགས་པའི་འབྲས་བུ་ནི་གནས་པ་ཡང་མ་ཡིན་{མྱི་,མི་}གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ། དེ་ཡང་གནས་པ་ཡང་མ་ཡིན་{མྱི་,མི་}གནས་པ་ཡང་མ་

D8.016.0233a01.01
2

ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ནི་གནས་པ་ཡང་མ་ཡིན་{མྱི་,མི་}གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་{མྱི་,མི་}གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་

D8.016.0233a02.01
3

ན། ཕྱིར་{མྱི་,མི་}འོང་བའི་འབྲས་བུ་ནི་གནས་པ་ཡང་མ་ཡིན་{མྱི་,མི་}གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་{མྱི་,མི་}གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། དགྲ་བཅོམ་པ་ཉིད་ནི་གནས་པ་ཡང་མ་

D8.016.0233a03.01
4

ཡིན་{མྱི་,མི་}གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་{མྱི་,མི་}གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། རང་བྱང་ཆུབ་ནི་གནས་པ་ཡང་མ་ཡིན་{མྱི་,མི་}གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་

D8.016.0233a04.01
5

དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་{མྱི་,མི་}གནས་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྒྱུན་ཏུ་ཞུགས་པའི་འབྲས་བུའི་ངོ་བོ་ཉིད་ལ་ནི་གནས་པ་འམ་{མྱི་,མི་}གནས་པ་{མྱེད་,མེད་}དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུའི་ངོ་བོ་ཉིད་ལ་ནི་

D8.016.0233a05.01
6

གནས་པ་འམ་{མྱི་,མི་}གནས་པ་མེད་དོ། །ཕྱིར་{མྱི་,མི་}འོང་བའི་འབྲས་བུའི་ངོ་བོ་ཉིད་ལ་ནི་གནས་པ་འམ་{མྱི་,མི་}གནས་པ་{མྱེད་,མེད་}དོ། །དགྲ་བཅོམ་པ་ཉིད་ཀྱི་ངོ་བོ་ཉིད་ལ་ནི་གནས་པ་འམ་{མྱི་,མི་}གནས་པ་{མྱེད་,མེད་}དོ། །རང་བྱང་ཆུབ་ཀྱི་ངོ་བོ་ཉིད་ལ་ནི་གནས་པ་འམ་{མྱི་,མི་}གནས་པ་

D8.016.0233a06.01
7

{མྱེད་,མེད་}དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་རྒྱུན་ཏུ་ཞུགས་པའི་འབྲས་བུའི་ངོ་བོ་ཉིད་རྒྱུན་ཏུ་ཞུགས་པའི་འབྲས་བུའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུའི་ངོ་བོ་ཉིད་ལན་ཅིག་ཕྱིར་འོང་བའི་འབྲས་བུའི་ངོ་བོ་ཉིད་ཀྱིས་

D8.016.0233a07.01