藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 16 函德格 170a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

པར་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཚོལ་བ་{མྱེད་,མེད་}པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཆོས་གང་ཡང་ཚོལ་བ་{མྱེད་,མེད་}པ་སྟེ། འདི་ནི་ཚོལ་བ་{མྱེད་,མེད་}པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་གནས་ལ་རྟེན་པ་

D8.016.0170a01.01
2

{མྱེད་,མེད་}པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཆོས་གང་ཡང་གནས་ལ་རྟེན་པར་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་བ་སྟེ། འདི་ནི་གནས་ལ་རྟེན་པ་{མྱེད་,མེད་}པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་སེམས་{མྱེད་,མེད་}པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན།

D8.016.0170a02.01
3

ཏིང་ངེ་འཛིན་དེ་ལ་གནས་ཤིང་། སེམས་ཀྱང་{མྱི་,མི་}འབྱུང་སེམས་ལས་བྱུང་བ་རྣམས་ཀྱང་{མྱི་,མི་}རྒྱུ་བ་སྟེ། འདི་ནི་སེམས་{མྱེད་,མེད་}པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་བདུད་བཞི་འདུལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་བདུད་བཞིའི་

D8.016.0170a03.01
4

དགྲ་ཐམས་ཅད་འདུལ་བར་བྱེད་པ་སྟེ། འདི་ནི་བདུད་བཞི་འདུལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་དྲི་མ་{མྱེད་,མེད་}པའི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་སྒྲོན་མ་དྲི་མ་{མྱེད་,མེད་}པར་བྱེད་པ་སྟེ།

D8.016.0170a04.01
5

འདི་ནི་དྲི་མ་{མྱེད་,མེད་}པའི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་འོད་མཐའ་ཡས་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། འོད་མཐའ་ཡས་པར་བྱེད་པ་སྟེ། འདི་ནི་འོད་མཐའ་ཡས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་འོད་

D8.016.0170a05.01
6

བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་འདི་ཐོབ་མ་ཐག་ཏུ་ཏིང་ངེ་འཛིན་ཐམས་ཅད་ཀྱི་འོད་བྱེད་པ་སྟེ། འདི་ནི་འོད་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་ཀུན་ཏུ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ཐོབ་མ་ཐག་ཏུ་

D8.016.0170a06.01
7

ཏིང་ངེ་འཛིན་ཐམས་ཅད་ཀྱི་སྒོ་སྣང་བར་བྱེད་པ་སྟེ། འདི་ནི་ཀུན་ཏུ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ལ་དག་པ་དམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། ཏིང་ངེ་འཛིན་དེ་ལ་གནས་ཤིང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་དག་པ་མཉམ་པ་ཉིད་འཐོབ་པ་སྟེ།

D8.016.0170a07.01