完整藏文原文 · 德格版页 当前仅加载第 16 函德格 190b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
ཤེས་ལས་ཡང་དག་པར་འདས་ཏེ། ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་། སྣ་ཚོགས་ཀྱི་འདུ་ཤེས་ཡིད་ལ་{མྱི་,མི་}བྱེད་པས། ནམ་མཁའ་མཐའ་ཡས་སོ་ཞེས་ཏེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་
D8.016.0190b01.01ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། རྣམ་པར་ཤེས་པ་མཐའ་ཡས་སོ་ཞེས་ཏེ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་
D8.016.0190b02.01དག་པར་འདས་ཏེ། {ཆུང་ཟད་,ཅུང་ཟད་}མ་ཡོད་དོ་ཞེས་{ཆུང་ཟད་,ཅུང་ཟད་}{མྱེད་,མེད་}པའི་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་{ཆུང་ཟད་,ཅུང་ཟད་}{མྱེད་,མེད་}པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་{མྱེད་,མེད་}འདུ་ཤེས་{མྱེད་,མེད་}{མྱིན་,མིན་}སྐྱེ་མཆེད་ལ་ཉེ་བར་བསྒྲུབས་
D8.016.0190b03.01ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་འདུ་ཤེས་{མྱེད་,མེད་}འདུ་ཤེས་{མྱེད་,མེད་}{མྱིན་,མིན་}སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་དང་ཚོར་བ་འགོག་པའི་བར་དུ་དེ་{མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་གྱིས་ཉེ་བར་བསྒྲུབས་ཤིང་གནས་ཏེ་དེ་དག་ནི་རྣམ་པར་ཐར་པ་བརྒྱད་དོ། །དེ་ལ་
D8.016.0190b04.01མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་གང་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདོད་པས་དབེན། སྡིག་ཏོ་{མྱི་,མི་}དགེ་བའི་ཆོས་ཀྱིས་དབེན་པ། རྟོག་པ་དང་
D8.016.0190b05.01བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཅན་བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པར་རྟོག་པ་དང་། རྣམ་པར་དཔྱོད་པ་ཉེ་བར་ཞི་ནས་ནང་ཡོངས་སུ་དང་སྟེ། སེམས་ཀྱི་རྒྱུད་གཅིག་ཏུ་
D8.016.0190b06.01གྱུར་པས། རྟོག་པ་{མྱེད་,མེད་}པ། དཔྱོད་པ་{མྱེད་,མེད་}པ། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཅན་བསམ་གཏན་གཉིས་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་དགའ་བ་ལས་འདོད་ཆགས་དང་བྲལ་བས་དྲན་པ་དང་ལྡན་ཞིང་། ཤེས་བཞིན་དུ་
D8.016.0190b07.01