藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 16 函德格 234b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། རྣམ་པར་བྱང་བ་{མྱེད་,མེད་}པ་ནི་གནས་པ་ཡང་མ་ཡིན་{མྱི་,མི་}གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་{མྱི་,མི་}གནས་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་

D8.016.0234b01.01
2

འབྱོར་སྐྱེ་བ་{མྱེད་,མེད་}པའི་ངོ་བོ་ཉིད་ལ་ནི་གནས་པ་འམ་{མྱི་,མི་}གནས་པ་{མྱེད་,མེད་}དོ། །འགག་པ་{མྱེད་,མེད་}པའི་ངོ་བོ་ཉིད་ལ་ནི་གནས་པ་འམ་{མྱི་,མི་}གནས་པ་{མྱེད་,མེད་}དོ། །ཀུན་ནས་ཉོན་མོངས་པ་{མྱེད་,མེད་}པའི་ངོ་བོ་ཉིད་ལ་ནི་གནས་པ་འམ་{མྱི་,མི་}གནས་པ་{མྱེད་,མེད་}དོ། །རྣམ་པར་བྱང་བ་{མྱེད་,མེད་}

D8.016.0234b02.01
3

པའི་ངོ་བོ་ཉིད་ལ་ནི་གནས་པ་འམ་མ་{མྱི་,མི་}གནས་པ་{མྱེད་,མེད་}དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་སྐྱེ་བ་{མྱེད་,མེད་}པའི་ངོ་བོ་ཉིད་སྐྱེ་བ་{མྱེད་,མེད་}པའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །འགག་པ་{མྱེད་,མེད་}པའི་ངོ་བོ་ཉིད་འགག་པ་{མྱེད་,མེད་}པའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་

D8.016.0234b03.01
4

རོ། །ཀུན་ནས་ཉོན་མོངས་པ་{མྱེད་,མེད་}པའི་ངོ་བོ་ཉིད་ཀུན་ནས་ཉོན་མོངས་པ་མེད་པའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །རྣམ་པར་བྱང་བ་{མྱེད་,མེད་}པའི་ངོ་བོ་ཉིད་རྣམ་པར་བྱང་བ་{མྱེད་,མེད་}པའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། མངོན་

D8.016.0234b04.01
5

པར་འདུ་བྱ་བ་མེད་པ་ནི་གནས་པ་ཡང་མ་ཡིན་{མྱི་,མི་}གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་{མྱི་,མི་}གནས་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མངོན་པར་འདུ་བྱ་བ་{མྱེད་,མེད་}པའི་ངོ་བོ་ཉིད་ལ་ནི་

D8.016.0234b05.01
6

གནས་པ་འམ་{མྱི་,མི་}གནས་པ་{མྱེད་,མེད་}དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་མངོན་པར་འདུ་བྱ་བ་{མྱེད་,མེད་}པའི་ངོ་བོ་ཉིད་མངོན་པར་འདུ་བྱ་བ་{མྱེད་,མེད་}པའི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ།

D8.016.0234b06.01
7

བམ་པོ་བཅུ་བདུན་པ། །རབ་འབྱོར་རྣམ་གྲངས་དེས་ན། ཐེག་པ་ཆེན་པོ་དེ་ནི་{མྱི་,མི་}གནས་པར་གནས་པའི་ཚུལ་དང་། བསྐྱོད་དུ་{མྱེད་,མེད་}པའི་ཚུལ་གྱིས་གང་དུ་ཡང་གནས་པར་འགྱུར་བ་{མྱེད་,མེད་}དོ། །རབ་འབྱོར་གང་ཡང་ཁྱོད་ཀྱིས་འདི་

D8.016.0234b07.01