藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 16 函德格 235a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

སྐད་དུ་ཐེག་པ་དེས་སུ་ཞིག་འབྱུང་བར་འགྱུར་ཞེས་སྨྲས་པ་ནི། ཐེག་པ་དེས་སུ་ཡང་འབྱུང་པར་འགྱུར་བ་{མྱེད་,མེད་}དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་ཐེག་པ་དེ་གང་ཡིན་པ་དང་། གང་འབྱུང་བར་འགྱུར་བ་དང་། གང་གིས་འབྱུང་

D8.016.0235a01.01
2

བར་འགྱུར་བ་དང་། གང་ནས་འབྱུང་བར་འགྱུར་བའི་ཆོས་དེ་དག་ཐམས་ཅད་{མྱེད་,མེད་}ཅིང་{མྱི་,མི་}{དམྱིགས་,དམིགས་}པའི་ཕྱིར་ཏེ། དེ་ལྟར་ཆོས་ཐམས་ཅད་{མྱེད་,མེད་}ཅིང་{མྱི་,མི་}{དམྱིགས་,དམིགས་}ན། ཆོས་གང་ཞིག་ཆོས་གང་གིས་འབྱུང་བར་འགྱུར། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་

D8.016.0235a02.01
3

བདག་ཤིན་ཏུ་རྣམ་པར་དག་པ་དང་། སེམས་ཅན་ཤིན་ཏུ་རྣམ་པར་དག་པ་དང་། སྲོག་ཤིན་ཏུ་རྣམ་པར་དག་པ་དང་། འགྲོ་བ་ཤིན་ཏུ་རྣམ་པར་དག་པ་དང་། གསོ་བ་ཤིན་ཏུ་རྣམ་པར་དག་པ་དང་། སྐྱེས་བུ་ཤིན་ཏུ་རྣམ་པར་དག་པ་དང་། གང་ཟག་ཤིན་ཏུ་རྣམ་

D8.016.0235a03.01
4

པར་དག་པ་དང་། ཤེད་ཅན་ཤིན་ཏུ་རྣམ་པར་དག་པ་དང་། ཤེད་བདག་ཤིན་ཏུ་རྣམ་པར་དག་པ་དང་། བྱེད་པ་པོ་ཤིན་ཏུ་རྣམ་པར་དག་པ་དང་། ཚོར་བ་པོ་ཤིན་ཏུ་རྣམ་པར་དག་པ་དང་། ཤེས་པ་པོ་ཤིན་ཏུ་རྣམ་པར་དག་པ་དང་། མཐོང་བ་པོ་ཤིན་ཏུ་རྣམ་པར་དག་

D8.016.0235a04.01
5

པའི་ཕྱིར། མཐའ་ལས་འདས་པས་བདག་{དམྱིགས་,དམིགས་}སུ་{མྱེད་,མེད་}དོ། །སེམས་ཅན་{དམྱིགས་,དམིགས་}སུ་{མྱེད་,མེད་}དོ། །སྲོག་{དམྱིགས་,དམིགས་}སུ་{མྱེད་,མེད་}དོ། །འགྲོ་བ་{དམྱིགས་,དམིགས་}སུ་{མྱེད་,མེད་}དོ། །གསོ་བ་{དམྱིགས་,དམིགས་}སུ་{མྱེད་,མེད་}དོ། །སྐྱེས་བུ་{དམྱིགས་,དམིགས་}སུ་{མྱེད་,མེད་}དོ། །གང་ཟག་{དམྱིགས་,དམིགས་}སུ་

D8.016.0235a05.01
6

{མྱེད་,མེད་}དོ། །ཤེད་ཅན་{དམྱིགས་,དམིགས་}སུ་{མྱེད་,མེད་}དོ། །ཤེད་བདག་{དམྱིགས་,དམིགས་}སུ་{མྱེད་,མེད་}དོ། །བྱེད་པ་པོ་{དམྱིགས་,དམིགས་}སུ་{མྱེད་,མེད་}དོ། །ཚོར་བ་པོ་{དམྱིགས་,དམིགས་}སུ་{མྱེད་,མེད་}དོ། །ཤེས་པ་པོ་{དམྱིགས་,དམིགས་}སུ་{མྱེད་,མེད་}དོ། །མཐོང་བ་པོ་{དམྱིགས་,དམིགས་}སུ་{མྱེད་,མེད་}དོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་

D8.016.0235a06.01
7

ཆོས་ཀྱི་དབྱིངས་{དམྱིགས་,དམིགས་}སུ་{མྱེད་,མེད་}དོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར། དེ་བཞིན་ཉིད་{དམྱིགས་,དམིགས་}སུ་{མྱེད་,མེད་}དོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར། ཡང་དག་པའི་མཐའ་{དམྱིགས་,དམིགས་}སུ་{མྱེད་,མེད་}དོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར། བསམ་གྱིས་{མྱི་,མི་}ཁྱབ་པའི་དབྱིངས་

D8.016.0235a07.01