藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 16 函德格 113b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མ་འདྲེས་པས། བསྒོམ་པ་རྣམ་པར་བསྒོམ་པའི་དོན་དུ་དེ་{མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་གྱིས་ནང་སྟོང་པ་ཉིད་སྒོམ་མོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མ་འདྲེས་པས།

D8.016.0113b01.01
2

བསྒོམ་པ་རྣམ་པར་བསྒོམ་པའི་དོན་དུ་དེ་མི་དམིགས་པའི་ཚུལ་གྱིས་ཕྱི་སྟོང་པ་ཉིད་སྒོམ་མོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མ་འདྲེས་པས། བསྒོམ་པ་རྣམ་པར་བསྒོམ་པའི་དོན་དུ་དེ་{མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་གྱིས་ཕྱི་

D8.016.0113b02.01
3

ནང་སྟོང་པ་ཉིད་སྒོམ་མོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མ་འདྲེས་པས། བསྒོམ་པ་རྣམ་པར་བསྒོམ་པའི་དོན་དུ་དེ་{མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་གྱིས་སྟོང་པ་ཉིད་སྟོང་པ་ཉིད་སྒོམ་མོ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་

D8.016.0113b03.01
4

ལྡན་པའི་ཡིད་ལ་བྱ་བ་མ་འདྲེས་པས་བསྒོམ་པ་རྣམ་པར་བསྒོམ་པའི་དོན་དུ་དེ་{མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་གྱིས་ཆེན་པོ་སྟོང་པ་ཉིད་སྒོམ་མོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མ་འདྲེས་པས་བསྒོམ་པ་རྣམ་པར་བསྒོམ་པའི་དོན་

D8.016.0113b04.01
5

དུ་དེ་{མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་གྱིས་ཆེན་པོ་སྟོང་པ་ཉིད་སྒོམ་མོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མ་འདྲེས་པས་བསྒོམ་པ་རྣམ་པར་བསྒོམ་པའི་དོན་དུ་དེ་{མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་གྱིས་དོན་དམ་པ་སྟོང་པ་ཉིད་སྒོམ་མོ། རྣམ་

D8.016.0113b05.01
6

པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མ་འདྲེས་པས་བསྒོམ་པ་རྣམ་པར་བསྒོམ་རྣམ་པའི་དོན་དུ་དེ་མི་{དམྱིགས་,དམིགས་}པའི་ཚུལ་གྱིས་འདུས་བྱས་སྟོང་པ་ཉིད་སྒོམ་མོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མ་འདྲེས་པས་

D8.016.0113b06.01
7

བསྒོམ་པ་རྣམ་པ་བསྒོམ་པའི་དོན་དུ་དེ་{མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་གྱིས་འདུས་མ་བྱས་སྟོང་པ་ཉིད་སྒོམ་མོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་མ་འདྲེས་པས་བསྒོམ་པ་རྣམ་པ་བསྒོམ་པའི་དོན་དུ། དེ་{མྱི་,མི་}{དམྱིགས་,དམིགས་}

D8.016.0113b07.01