完整藏文原文 · 德格版页 当前仅加载第 16 函德格 204b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
ཆུབ་ཀྱི་ལམ་མ་ཡིན་པས། ཐོག་མ་སེམས་བསྐྱེད་ནས། ཁ་ཟ་ཡག་གི་སེམས་སུ་{མྱི་,མི་}བྱའི་སྦྱིན་པ་ཡོངས་སུ་གཏང་བར་བྱའོ་ཞེས་བྱ་བ་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་དྲུག་ཡོངས་སུ་སྤང་བར་བྱའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་
D8.016.0204b01.01སེམས་དཔའ་སེམས་དཔའ་ཆེན་པོས་བདག་ཏུ་འཛིན་པར་{མྱི་,མི་}བྱ་ཞེ་ན། དེ་ནི་འདི་ལྟར་བདག་ཤིན་ཏུ་{མྱེད་,མེད་}པའི་ཕྱིར་རོ། །སེམས་ཅན་དུ་འཛིན་པར་{མྱི་,མི་}བྱ་ཞེ་ན། དེ་ནི་འདི་ལྟར་སེམས་ཅན་ཤིན་ཏུ་{མྱེད་,མེད་}པའི་ཕྱིར་རོ། །སྲོག་ཏུ་འཛིན་པར་{མྱི་,མི་}བྱ་ཞེ་ན། དེ་ནི་འདི་
D8.016.0204b02.01ལྟར་སྲོག་ཤིན་ཏུ་{མྱེད་,མེད་}པའི་ཕྱིར་རོ། །གང་ཟག་ཏུ་འཛིན་པར་{མྱི་,མི་}བྱ་ཞེ་ན། དེ་ནི་འདི་ལྟར་གང་ཟག་ཤིན་ཏུ་{མྱེད་,མེད་}པའི་ཕྱིར་རོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆད་པར་འཛིན་པར་{མྱི་,མི་}བྱ་ཞེ་ན། དེ་ནི་འདི་ལྟར་ཆོས་ཐམས་ཅད་ཤིན་
D8.016.0204b03.01ཏུ་མ་སྐྱེས་པའི་ཕྱིར་ཆོས་གང་ཡང་ཆད་པ་{མྱེད་,མེད་}པའི་ཕྱིར་རོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྟག་པར་འཛིན་པར་{མྱི་,མི་}བྱ་ཞེ་ན། དེ་ནི་འདི་ལྟར་ཆོས་གང་ལ་སྐྱེ་བ་{མྱེད་,མེད་}པ་དེ་ལ་རྟག་པ་དང་། ཆད་པ་{མྱེད་,མེད་}པའི་ཕྱིར་རོ། །དེ་ལ་ཇི་
D8.016.0204b04.01ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མཚན་མའི་འདུ་ཤེས་སུ་{མྱི་,མི་}བྱ་ཞེ་ན། དེ་ནི་འདི་ལྟར་ཀུན་ནས་ཉོན་མོངས་པ་ཤིན་ཏུ་{མྱེད་,མེད་}པའི་ཕྱིར་རོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྒྱུར་ལྟ་བར་{མྱི་,མི་}བྱ་ཞེ་ན། དེ་ནི་
D8.016.0204b05.01འདི་ལྟར་དེས་ལྟ་བ་དེ་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་བའི་ཕྱིར་རོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་{མྱིང་,མིང་}དང་གཟུགས་ལ་མངོན་པར་ཆགས་པར་{མྱི་,མི་}བྱ་ཞེ་ན། དེ་ནི་འདི་ལྟར་དེས། དེའི་དངོས་པོ་ཡང་དག་པར་
D8.016.0204b06.01རྗེས་སུ་{མྱི་,མི་}མཐོང་བའི་ཕྱིར་རོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཕུང་པོ་ལ་མངོན་པར་ཆགས་པར་{མྱི་,མི་}བྱ་ཞེ་ན། དེ་ནི་འདི་ལྟར་ཕུང་པོ་ཤིན་ཏུ་{མྱེད་,མེད་}པའི་ཕྱིར་ཏེ། དེ་ལྟར་ན་ཕུང་པོ་ལ་མངོན་པར་ཆགས་པར་{མྱི་,མི་}བྱའོ། །
D8.016.0204b07.01