藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 16 函德格 112a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

ཤེས་པ་{མྱི་,མི་}འཇུག་པ་དང་། སྨོན་པ་ཡོད་ཅེས་བྱ་བར་ཤེས་པ་{མྱི་,མི་}འཇུག་སྨོན་པ་{མྱེད་,མེད་}ཅེས་བྱ་བར་ཤེས་པ་{མྱི་,མི་}འཇུག་པ་སྟེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ནི་དེ་{མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །

D8.016.0112a01.01
2

ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་གང་འདས་པའི་དུས་ལ་ཤེས་པ་{མྱི་,མི་}འཇུག་མ་འོངས་པའི་དུས་ལ་ཤེས་པ་{མྱི་,མི་}འཇུག་ད་ལྟར་གྱི་དུས་ལ་ཤེས་པ་འཇུག་པར་{མྱི་,མི་}བྱེད་དེ། འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱི་དུས་

D8.016.0112a02.01
3

{མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་གྱིས་འདི་ལ་འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱི་དུས་{མྱི་,མི་}ཤེས་པ་ཡང་མེད་པ་སྟེ། ཚེད་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ནི་དེ་{མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་

D8.016.0112a03.01
4

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི། འདོད་པའི་ཁམས་སུ་ཤེས་པ་འཇུག་པར་མི་བྱེད། གཟུགས་དང་གཟུགས་{མྱེད་,མེད་}པའི་ཁམས་སུ་ཤེས་པ་འཇུག་པ་{མྱི་,མི་}བྱེད་ལ། འདོད་པ་དང་། གཟུགས་དང་གཟུགས་{མྱེད་,མེད་}པའི་ཁམས་{མྱི་,མི་}ཤེས་པ་ཡང་{མྱེད་,མེད་}པ་སྟེ། ཚེ་དང་ལྡན་པ་ཤ་

D8.016.0112a04.01
5

ར་དྭ་ཏིའི་བུ་འདི་ཡང་དེ་{མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི། འཇིག་རྟེན་པའི་ཆོས་ལ་ཡང་ཤེས་པ་འཇུག་པར་{མྱི་,མི་}བྱེད་

D8.016.0112a05.01
6

འཇིག་རྟེན་ལས་འདས་པ་དང་། ཟག་པ་དང་བཅས་པ་དང་། ཟག་པ་{མྱེད་,མེད་}པ་དང་། འདུས་བྱས་ཀྱི་ཆོས་དང་འདུས་མ་བྱས་ཀྱི་ཆོས་ལ་ཤེས་པ་འཇུག་པར་{མྱི་,མི་}བྱེད་ཀྱང་། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཆོས་{མྱི་,མི་}ཤེས་པ་ཡང་{མྱེད,མེད}། ཟག་པ་དང་བཅས་པ་དང་ཟག་པ་{མྱེད་,མེད་}པ་དང་།

D8.016.0112a06.01
7

འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་ཀྱང་མི་ཤེས་པ་{མྱེད་,མེད་}པ་སྟེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ཡང་དེ་{མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །སྨྲས་པ། ཚེ་དང་ལྡན་པ་གང་པོ་ཅི་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་སེམས་

D8.016.0112a07.01