藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 16 函德格 333b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

གང་ཡིན་པ་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་གང་ཡིན་པ་དང་། སྡུག་བསྔལ་གང་ཡིན་པ་དང་། ཀུན་འབྱུང་བ་གང་ཡིན་པ་དང་། འགོག་པ་གང་ཡིན་པ་དང་། ལམ་གང་ཡིན་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་

D8.016.0333b01.01
2

དང་། མཚན་མ་{མྱེད་,མེད་}པ་དང་། སྨོན་པ་{མྱེད་,མེད་}པ་གང་ཡིན་པ་དང་། ཏིང་ངེ་འཛིན་གང་ཡིན་པ་དང་། གཟུངས་ཀྱི་སྒོ་གང་ཡིན་པ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་གང་ཡིན་པ་དང་། {མྱི་,མི་}འཇིགས་པ་བཞི་གང་ཡིན་པ་དང་། སོ་སོ་ཡང་དག་པར་རིག་

D8.016.0333b02.01
3

པ་བཞི་གང་ཡིན་པ་དང་། སྙིང་རྗེ་ཆེན་པོ་གང་ཡིན་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་{བཅྭོ་,བཅོ་}བརྒྱད་གང་ཡིན་པ་དང་། འདོད་པའི་ཁམས་གང་ཡིན་པ་དང་། གཟུགས་ཀྱི་ཁམས་གང་ཡིན་པ་དང་། གཟུགས་{མྱེད་,མེད་}པའི་ཁམས་གང་ཡིན་པ་

D8.016.0333b03.01
4

དང་། དགེ་བའི་ཆོས་གང་ཡིན་པ་དང་། {མྱི་,མི་}དགེ་བའི་ཆོས་གང་ཡིན་པ་དང་། ཟག་པ་དང་བཅས་པའི་ཆོས་གང་ཡིན་པ་དང་། ཟག་པ་{མྱེད་,མེད་}པའི་ཆོས་གང་ཡིན་པ་དང་། འཇིག་རྟེན་པའི་ཆོས་གང་ཡིན་པ་དང་། འཇིག་རྟེན་ལས་འདས་པའི་ཆོས་

D8.016.0333b04.01
5

གང་ཡིན་པ་དང་། འདུས་བྱས་ཀྱི་ཆོས་གང་ཡིན་པ་དང་། འདུས་མ་བྱས་ཀྱི་ཆོས་གང་ཡིན་པ་དང་། དེ་བཞིན་གཤེགས་པ་གང་ཡིན་པ་དང་། དེ་བཞིན་གཤེགས་པས་བསྟན་པའི་ཆོས་གང་ཡིན་པ་དང་། འདུལ་བ་གང་ཡིན་པ་དང་།

D8.016.0333b05.01
6

ཆོས་ཀྱི་དབྱིངས་གང་ཡིན་པ་དང་། དེ་བཞིན་ཉིད་གང་ཡིན་པ་དང་། ཡང་དག་པའི་མཐའ་གང་ཡིན་པ་དང་། བསམ་གྱིས་{མྱི་,མི་}ཁྱབ་པའི་དབྱིངས་གང་ཡིན་པ་དང་། མྱ་ངན་ལས་འདས་པའི་དབྱིངས་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ནི་

D8.016.0333b06.01
7

བདེན་པ་ཡང་མ་ཡིན། {མྱི་,མི་}བདེན་པ་ཡང་མ་ཡིན་ཏེ། གཟུགས་{མྱེད་,མེད་}པ་བསྟན་དུ་{མྱེད་,མེད་}པ། ཐོགས་པ་{མྱེད་,མེད་}པ། འདི་ལྟར་མཚན་ཉིད་{མྱེད་,མེད་}པར་མཚན་ཉིད་གཅིག་པ་ཤ་སྟག་སྟེ། རབ་འབྱོར་རྣམ་གྲངས་འདིས་ན། ཁྱོད་ཤེས་རབ་ཀྱི་ཕ་རོལ་ཏུ་

D8.016.0333b07.01