藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 16 函德格 286a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

{མྱེད་,མེད་}པའི་ཕྱིར་མཐོང་བ་པོ་{མྱེད་,མེད་}པར་རིག་པར་བྱའོ། །མཐོང་བ་པོ་{མྱེད་,མེད་}པའི་ཕྱིར་བསམ་གྱིས་{མྱི་,མི་}ཁྱབ་པའི་དབྱིངས་{མྱེད་,མེད་}པར་རིག་པར་བྱའོ། །བསམ་གྱིས་{མྱི་,མི་}ཁྱབ་པའི་དབྱིངས་{མྱེད་,མེད་}པའི་ཕྱིར་སའི་ཁམས་{མྱེད་,མེད་}པར་རིག་པར་བྱའོ། །

D8.016.0286a01.01
2

སའི་ཁམས་{མྱེད་,མེད་}པའི་ཕྱིར་ཆུའི་ཁམས་{མྱེད་,མེད་}པར་རིག་པར་བྱའོ། །ཆུའི་ཁམས་{མྱེད་,མེད་}པའི་ཕྱིར་{མྱེའི་,མེའི་}ཁམས་{མྱེད་,མེད་}པར་རིག་པར་བྱའོ། །{མྱེའི་,མེའི་}ཁམས་{མྱེད་,མེད་}པའི་ཕྱིར་རླུང་གི་ཁམས་{མྱེད་,མེད་}པར་རིག་པར་བྱའོ། །རླུང་གི་ཁམས་{མྱེད་,མེད་}པའི་ཕྱིར་ནམ་མཁའི་ཁམས་

D8.016.0286a02.01
3

{མྱེད་,མེད་}པར་རིག་པར་བྱའོ། །ནམ་མཁའི་ཁམས་{མྱེད་,མེད་}པའི་ཕྱིར་རྣམ་པར་ཤེས་པའི་ཁམས་{མྱེད་,མེད་}པར་རིག་པར་བྱའོ། །རྣམ་པར་ཤེས་པའི་ཁམས་{མྱེད་,མེད་}པའི་ཕྱིར་ནམ་མཁའ་{མྱེད་,མེད་}པར་རིག་པར་བྱའོ། །ནམ་མཁའ་{མྱེད་,མེད་}པའི་ཕྱིར་ཐེག་པ་ཆེན་པོ་{མྱེད་,མེད་}

D8.016.0286a03.01
4

པར་རིག་པར་བྱའོ། །ཐེག་པ་ཆེན་པོ་{མྱེད་,མེད་}པའི་ཕྱིར་{མྱི་,མི་}འཇལ་བ་{མྱེད་,མེད་}པར་རིག་པར་བྱའོ། །{མྱི་,མི་}འཇལ་བ་{མྱེད་,མེད་}པའི་ཕྱིར་{མྱི་,མི་}འགྲངས་པ་{མྱེད་,མེད་}པར་རིག་པར་བྱའོ། །{མྱི་,མི་}འགྲངས་པ་{མྱེད་,མེད་}པའི་ཕྱིར་{མྱི་,མི་}དཔོགས་པ་{མྱེད་,མེད་}པར་རིག་པར་བྱའོ། །{མྱི་,མི་}དཔོགས་

D8.016.0286a04.01
5

པ་{མྱེད་,མེད་}པའི་ཕྱིར་ཆོས་ཐམས་ཅད་{མྱེད་,མེད་}པར་རིག་པར་བྱའོ། །རབ་འབྱོར་རྣམ་གྲངས་དེས་ཀྱང་། ཐེག་པ་ཆེན་པོ་དེ་སེམས་ཅན་ཚད་{མྱེད་,མེད་}གྲངས་{མྱེད་,མེད་}པའི་གོ་འབྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་བདག་གང་ཡིན་པ་དང་། སེམས་

D8.016.0286a05.01
6

ཅན་གང་ཡིན་པ་དང་། སྲོག་གང་ཡིན་པ་དང་། འགྲོ་བ་གང་ཡིན་པ་དང་། གསོ་བ་གང་ཡིན་པ་དང་། སྐྱེས་བུ་གང་ཡིན་པ་དང་། གང་ཟག་གང་ཡིན་པ་དང་། ཤེད་ཅན་གང་ཡིན་པ་དང་། ཤེད་བདག་གང་ཡིན་པ་དང་། བྱེད་པ་པོ་གང་ཡིན་པ་དང་

D8.016.0286a06.01
7

ཚོར་བ་པོ་གང་ཡིན་པ་དང་། ཤེས་པ་པོ་གང་ཡིན་པ་དང་། མཐོང་བ་པོ་གང་ཡིན་པ་དང་། བསམ་གྱིས་{མྱི་,མི་}ཁྱབ་པའི་དབྱིངས་གང་ཡིན་པ་དང་། སའི་ཁམས་གང་ཡིན་པ་དང་། ཆུའི་ཁམས་གང་ཡིན་པ་དང་། {མྱེའི་,མེའི་}ཁམས་གང་ཡིན་པ་དང་། རླུང་

D8.016.0286a07.01