藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 16 函德格 225a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

{མྱིག་,མིག་}གི་རྣམ་པར་ཤེས་པའི་ངོ་བོ་ཉིད་ལ་ནི་གནས་པའམ་{མྱི་,མི་}གནས་པ་{མྱེད་,མེད་}དོ། །རྣ་བའི་རྣམ་པར་ཤེས་པའི་ངོ་བོ་ཉིད་ལ་ནི་གནས་པའམ་{མྱི་,མི་}གནས་པ་{མྱེད་,མེད་}དོ། །སྣའི་རྣམ་པར་ཤེས་པའི་ངོ་བོ་ཉིད་ལ་ནི་གནས་པའམ་{མྱི་,མི་}གནས་པ་{མྱེད་,མེད་}དོ། །

D8.016.0225a01.01
2

ལྕེའི་རྣམ་པར་ཤེས་པའི་ངོ་བོ་ཉིད་ལ་ནི་གནས་པའམ་{མྱི་,མི་}གནས་པ་{མྱེད་,མེད་}དོ། །ལུས་ཀྱི་རྣམ་པར་ཤེས་པའི་ངོ་བོ་ཉིད་ལ་ནི་གནས་པའམ་{མྱི་,མི་}གནས་པ་{མྱེད་,མེད་}དོ། །ཡིད་ཀྱི་རྣམ་པར་ཤེས་པའི་ངོ་བོ་ཉིད་ལ་ནི་གནས་པའམ་{མྱི་,མི་}གནས་པ་{མྱེད་,མེད་}དོ། །དེ་ཅིའི་ཕྱིར་

D8.016.0225a02.01
3

ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་{མྱིག་,མིག་}གི་རྣམ་པར་ཤེས་པ་{མྱིག་,མིག་}གི་རྣམ་པར་ཤེས་པས་སྟོང་པའི་ཕྱིར་རོ། །རྣ་བའི་རྣམ་པར་ཤེས་པ་རྣ་བའི་རྣམ་པར་ཤེས་པས་སྟོང་པའི་ཕྱིར་རོ། །སྣའི་རྣམ་པར་ཤེས་པ་སྣའི་རྣམ་པར་ཤེས་པས་སྟོང་པའི་ཕྱིར་རོ། །

D8.016.0225a03.01
4

ལྕེའི་རྣམ་པར་ཤེས་པ་ལྕེའི་རྣམ་པར་ཤེས་པས་སྟོང་པའི་ཕྱིར་རོ། །ལུས་ཀྱི་རྣམ་པར་ཤེས་པ་ལུས་ཀྱི་རྣམ་པར་ཤེས་པས་སྟོང་པའི་ཕྱིར་རོ། །ཡིད་ཀྱི་རྣམ་པར་ཤེས་པ་ཡིད་ཀྱི་རྣམ་པར་ཤེས་པས་སྟོང་པའི་ཕྱིར་རོ། །རབ་འབྱོར་

D8.016.0225a04.01
5

འདི་ལྟ་སྟེ་དཔེར་ན། མིག་གི་འདུས་ཏེ་རེག་པ་སྟོང་པ་ཉིད་ནི་གནས་པ་ཡང་མ་ཡིན་{མྱི་,མི་}གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་{མྱི་,མི་}གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན།

D8.016.0225a05.01
6

རྣ་བའི་འདུས་ཏེ་རེག་པ་སྟོང་པ་ཉིད་ནི་གནས་པ་ཡང་མ་ཡིན་{མྱི་,མི་}གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་{མྱི་,མི་}གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྣའི་འདུས་ཏེ་རེག་པ་

D8.016.0225a06.01
7

སྟོང་པ་ཉིད་ནི་གནས་པ་ཡང་མ་ཡིན་{མྱི་,མི་}གནས་པ་ཡང་མ་ཡིན་ནོ། རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་{མྱི་,མི་}གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ལྕེའི་འདུས་ཏེ་རེག་པ་སྟོང་པ་ཉིད་ནི་གནས་པ་ཡང་མ་

D8.016.0225a07.01