藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 16 函德格 223b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

འདི་ལྟར་གཟུགས་གཟུགས་ཀྱིས་སྟོང་པའི་ཕྱིར་རོ། །ཚོར་བ་ཚོར་བས་སྟོང་པའི་ཕྱིར་རོ། །འདུ་ཤེས་འདུ་ཤེས་ཀྱིས་སྟོང་པའི་ཕྱིར་རོ། །འདུ་བྱེད་འདུ་བྱེད་ཀྱིས་སྟོང་པའི་ཕྱིར་རོ། །རྣམ་པར་ཤེས་པ་རྣམ་པར་སྟོང་པའི་ཕྱིར་རོ། །རབ་འབྱོར་

D8.016.0223b01.01
2

འདི་ལྟ་སྟེ། དཔེར་ན། {མྱིག་,མིག་}སྟོང་པ་ཉིད་ནི་གནས་པ་ཡང་མ་ཡིན་{མྱི་,མི་}གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་{མྱི་,མི་}གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ། དཔེར་ན། རྣ་བ་སྟོང་པ་ཉིད་ནི་

D8.016.0223b02.01
3

གནས་པ་ཡང་མ་ཡིན་{མྱི་,མི་}གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་{མྱི་,མི་}གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ། དཔེར་ན། སྣ་སྟོང་པ་ཉིད་ནི་གནས་པ་ཡང་མ་ཡིན་{མྱི་,མི་}གནས་པ་ཡང་མ་

D8.016.0223b03.01
4

ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་{མྱི་,མི་}གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ། དཔེར་ན། ལྕེ་སྟོང་པ་ཉིད་ནི་གནས་པ་ཡང་མ་ཡིན་{མྱི་,མི་}གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་

D8.016.0223b04.01
5

ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་{མྱི་,མི་}གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ། དཔེར་ན། ལུས་སྟོང་པ་ཉིད་ནི་གནས་པ་ཡང་མ་ཡིན་{མྱི་,མི་}གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་{མྱི་,མི་}གནས་པ་ཡང་མ་

D8.016.0223b05.01
6

ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ཡིད་སྟོང་པ་ཉིད་ནི་གནས་པ་ཡང་མ་ཡིན་{མྱི་,མི་}གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་{མྱི་,མི་}གནས་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་{མྱིག་,མིག་}གི་ངོ་བོ་ཉིད་

D8.016.0223b06.01
7

ལ་ནི་གནས་པའམ་{མྱི་,མི་}གནས་པ་{མྱེད་,མེད་}དོ། །རྣ་བའི་ངོ་བོ་ཉིད་ལ་ནི་གནས་པའམ་{མྱི་,མི་}གནས་པ་{མྱེད་,མེད་}དོ། །སྣའི་ངོ་བོ་ཉིད་ལ་ནི་གནས་པའམ་{མྱི་,མི་}གནས་པ་{མྱེད་,མེད་}དོ། །ལྕེའི་ངོ་བོ་ཉིད་ལ་ནི་གནས་པའམ་{མྱི་,མི་}གནས་པ་{མྱེད་,མེད་}དོ། །ལུས་ཀྱི་ངོ་བོ་ཉིད་ལ་ནི་

D8.016.0223b07.01