藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 16 函德格 286b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

གི་ཁམས་གང་ཡིན་པ་དང་། ནམ་མཁའི་ཁམས་གང་ཡིན་པ་དང་། རྣམ་པར་ཤེས་པའི་ཁམས་གང་ཡིན་པ་དང་། ནམ་མཁའ་གང་ཡིན་པ་དང་། ཐེག་པ་ཆེན་པོ་གང་ཡིན་པ་དང་། {མྱི་,མི་}འཇལ་བ་གང་ཡིན་པ་དང་། {མྱི་,མི་}འགྲངས་པ་གང་ཡིན་པ་དང་། {མྱི་,མི་}

D8.016.0286b01.01
2

དཔོགས་པ་གང་ཡིན་པ་དང་། ཆོས་ཐམས་ཅད་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་{དམྱིགས་,དམིགས་}སུ་{མྱེད་,མེད་}པའི་ཕྱིར་རོ། །རབ་འབྱོར་གཞན་ཡང་བདག་{མྱེད་,མེད་}པའི་ཕྱིར། སེམས་ཅན་{མྱེད་,མེད་}པར་རིག་པར་བྱའོ། །སེམས་ཅན་{མྱེད་,མེད་}པའི་ཕྱིར་སྲོག་{མྱེད་,མེད་}པར་

D8.016.0286b02.01
3

རིག་པར་བྱའོ། །སྲོག་{མྱེད་,མེད་}པའི་ཕྱིར་འགྲོ་བ་{མྱེད་,མེད་}པར་རིག་པར་བྱའོ། །འགྲོ་བ་{མྱེད་,མེད་}པའི་ཕྱིར་གསོ་བ་{མྱེད་,མེད་}པར་རིག་པར་བྱའོ། །གསོ་བ་{མྱེད་,མེད་}པའི་ཕྱིར་སྐྱེས་བུ་{མྱེད་,མེད་}པར་རིག་པར་བྱའོ། །སྐྱེས་བུ་{མྱེད་,མེད་}པའི་ཕྱིར་གང་ཟག་{མྱེད་,མེད་}པར་རིག་པར་བྱའོ། །

D8.016.0286b03.01
4

གང་ཟག་{མྱེད་,མེད་}པའི་ཕྱིར་ཤེད་ཅན་{མྱེད་,མེད་}པར་རིག་པར་བྱའོ། །ཤེད་ཅན་{མྱེད་,མེད་}པའི་ཕྱིར་ཤེད་བདག་{མྱེད་,མེད་}པར་རིག་པར་བྱའོ། །ཤེད་བདག་{མྱེད་,མེད་}པའི་ཕྱིར་བྱེད་པ་པོ་{མྱེད་,མེད་}པར་རིག་པར་བྱའོ། །བྱེད་པ་པོ་{མྱེད་,མེད་}པའི་ཕྱིར་ཚོར་བ་པོ་{མྱེད་,མེད་}པར་རིག་པར་བྱའོ། །

D8.016.0286b04.01
5

ཚོར་བ་པོ་{མྱེད་,མེད་}པའི་ཕྱིར་ཤེས་པ་པོ་{མྱེད་,མེད་}པར་རིག་པར་བྱའོ། །ཤེས་པ་པོ་{མྱེད་,མེད་}པའི་ཕྱིར་མཐོང་བ་པོ་{མྱེད་,མེད་}པར་རིག་པར་བྱའོ། །མཐོང་བ་པོ་{མྱེད་,མེད་}པའི་ཕྱིར་བསམ་གྱིས་{མྱི་,མི་}ཁྱབ་པའི་དབྱིངས་{མྱེད་,མེད་}པར་རིག་པར་བྱའོ། །བསམ་གྱིས་{མྱི་,མི་}ཁྱབ་པའི་

D8.016.0286b05.01
6

དབྱིངས་{མྱེད་,མེད་}པའི་ཕྱིར། མ་རིག་པ་{མྱེད་,མེད་}པར་རིག་པར་བྱའོ། །མ་རིག་པ་{མྱེད་,མེད་}པའི་ཕྱིར་འདུ་བྱེད་{མྱེད་,མེད་}པར་རིག་པར་བྱའོ། །འདུ་བྱེད་{མྱེད་,མེད་}པའི་ཕྱིར་རྣམ་པར་ཤེས་པ་{མྱེད་,མེད་}པར་རིག་པར་བྱའོ། །རྣམ་པར་ཤེས་པ་{མྱེད་,མེད་}པའི་ཕྱིར་{མྱིང་,མིང་}དང་

D8.016.0286b06.01
7

གཟུགས་{མྱེད་,མེད་}པར་རིག་པར་བྱའོ། །{མྱིང་,མིང་}དང་གཟུགས་{མྱེད་,མེད་}པའི་ཕྱིར་སྐྱེ་མཆེད་དྲུག་{མྱེད་,མེད་}པར་རིག་པར་བྱའོ། །སྐྱེ་མཆེད་དྲུག་{མྱེད་,མེད་}པའི་ཕྱིར་རེག་པ་{མྱེད་,མེད་}པར་རིག་པར་བྱའོ། །རེག་པ་{མྱེད་,མེད་}པའི་ཕྱིར་ཚོར་བ་{མྱེད་,མེད་}པར་རིག་པར་བྱའོ། །

D8.016.0286b07.01