完整藏文原文 · 德格版页 当前仅加载第 16 函德格 183a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནམ་དུར་ཁྲོད་ཀྱི་རུས་པ་ལོ་དུ་མ་ཁོན་པ་རབ་རིབ་སྣང་བ། སྔོན་པོར་གྱུར་པ་ཐི་བའི་མདོག་ལྟར་གྱུར་པ། ཟེགས་པ་བྲུལ་བ་སའི་རྡུལ་དང་འགྲན་(འགྲེན་,འགྲན་)དུ་གྱུར་པ་མཐོང་བ་དེའི་ཚེ། དེ་ལུས་འདི་ཉིད་ཀྱི་ཚུལ་ཡང་
D8.016.0183a01.01དེ་དང་སྦྱོར་ཏེ། ལུས་འདི་ཉིད་ཀྱང་འདི་ལྟ་བུའི་ཆོས་ཅན་ནོ། །འདི་ལྟ་བུའི་རང་བཞིན་ཅན་ཏེ། འདི་ལྟ་བུའི་ཆོས་ཉིད་ལས་མ་འདས་པའོ་ཞེས་བྱ་བར་ཉེ་བར་རྟོག་གོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
D8.016.0183a02.01ལ་སྤྱོད་པའི་ཚེ། ནང་གི་ལུས་ལ་དེ་{མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་གྱིས་ལུས་ཀྱི་རྗེས་སུ་ལྟ་ཞིང་བརྩོན་འགྲུས་ཅན་ཤེས་བཞིན་དང་ལྡན་པ་དྲན་པ་དང་ལྡན་པས། འཇིག་རྟེན་གྱི་ཆགས་སེམས་དང་ཡིད་{མྱི་,མི་}བདེ་བ་རྣམ་པར་བསྩལ་ཅིང་རྣམ་པར་སྤྱོད་དོ། །ཕྱིའི་ལུས་ལ་དེ་{མྱི་,མི་}
D8.016.0183a03.01{དམྱིགས་,དམིགས་}པའི་ཚུལ་གྱིས་ལུས་ཀྱི་རྗེས་སུ་ལྟ་ཞིང་། བརྩོན་འགྲུས་ཅན་ཤེས་བཞིན་དང་ལྡན་པ་དྲན་པ་དང་ལྡན་པས། འཇིག་རྟེན་གྱི་ཆགས་སེམས་དང་ཡིད་{མྱི་,མི་}བདེ་བ་རྣམ་པར་བསྩལ་ཅིང་རྣམ་པར་སྤྱོད་དོ། །ཕྱི་ནང་གི་ལུས་ལ་དེ་{མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་གྱིས་ལུས་
D8.016.0183a04.01ཀྱི་རྗེས་སུ་ལྟ་ཞིང་། བརྩོན་འགྲུས་ཅན་ཤེས་བཞིན་དང་ལྡན་པ་དྲན་པ་དང་ལྡན་པས། འཇིག་རྟེན་གྱི་ཆགས་སེམས་དང་ཡིད་{མྱི་,མི་}བདེ་བ་རྣམ་པར་བསྩལ་ཅིང་རྣམ་པར་སྤྱོད་དོ། །ནང་གི་ཚོར་བ་ལ་དེ་{མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་གྱིས་ཚོར་བའི་རྗེས་སུ་ལྟ་ཞིང་།
D8.016.0183a05.01བརྩོན་འགྲུས་ཅན་ཤེས་བཞིན་དང་ལྡན་པ་དྲན་པ་དང་ལྡན་པས། འཇིག་རྟེན་གྱི་ཆགས་སེམས་དང་ཡིད་{མྱི་,མི་}བདེ་བ་རྣམ་པར་བསྩལ་ཅིང་རྣམ་པར་སྤྱོད་དོ། །ཕྱིའི་ཚོར་བ་ལ་དེ་{མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་གྱིས་ཚོར་བའི་རྗེས་སུ་ལྟ་ཞིང་། བརྩོན་འགྲུས་ཅན་
D8.016.0183a06.01ཤེས་བཞིན་དང་ལྡན་པ་དྲན་པ་དང་ལྡན་པས། འཇིག་རྟེན་གྱི་ཆགས་སེམས་དང་ཡིད་{མྱི་,མི་}བདེ་བ་རྣམ་པར་བསྩལ་ཅིང་རྣམ་པར་སྤྱོད་དོ། །ཕྱི་ནང་གི་ཚོར་བ་ལ་དེ་{མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་གྱིས་ཚོར་བའི་རྗེས་སུ་ལྟ་ཞིང་། བརྩོན་འགྲུས་ཅན་ཤེས་བཞིན་
D8.016.0183a07.01