藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 16 函德格 249b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

གནས་པར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་བཅུའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་{བཅྭོ་,བཅོ་}བརྒྱད་པ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་

D8.016.0249b01.01
2

བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཐེག་པ་ཆེན་པོ་ཐེག་པ་ཆེན་པོ་ཞེས་བགྱི་བ་ནི། ལྷ་དང་{མྱི་,མི་}དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཏེ་འབྱུང་བར་འགྱུར་བས། དེའི་སླད་དུ་ཐེག་པ་ཆེན་པོ་ཞེས་

D8.016.0249b02.01
3

བགྱིའོ། །བཅོམ་ལྡན་ཐེག་པ་ཆེན་པོ་དེ་ནི་ནམ་མཁའ་དང་མཉམ་པ་སྟེ། ཇི་ལྟར་ནམ་མཁའ་སེམས་ཅན་གྲངས་དང་ཚད་མ་མཆིས་པའི་གོ་འབྱེད་པ་དེ་བཞིན་དུ་ཐེག་པ་ཆེན་པོ་འདི་ཡང་སེམས་ཅན་གྲངས་དང་ཚད་མ་མཆིས་པའི་གོ་འབྱེད་

D8.016.0249b03.01
4

པས་བཅོམ་ལྡན་འདས་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཐེག་པ་ཆེན་པོ་སྟེ། ཐེག་པ་ཆེན་པོ་དེ་ལ་འགྲོ་བ་དང་འོང་བ་ཞེས་བགྱི་བའམ། གནས་པ་ཡང་མ་མཆིས་སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་

D8.016.0249b04.01
5

དང་། དབུས་ཞེས་བགྱི་བ་ཡང་མ་མཆིས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལ་འགྲོ་བའམ་འོང་བ་ཞེས་བགྱི་བ་ཡང་མ་མཆིས་ལ། གནས་པ་ཡང་མ་མཆིས་པ་དེ་བཞིན་དུ་ཐེག་པ་ཆེན་པོ་འདི་ལ་ཡང་འགྲོ་བ་{མྱི་,མི་}

D8.016.0249b05.01
6

{དམྱིགས,དམིགས}། འབྱུང་བ་{མྱི་,མི་}{དམྱིགས,དམིགས}། གནས་པ་{མྱི་,མི་}{དམྱིགས་,དམིགས་}སོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ནི་དུས་གསུམ་མཉམ་པ་ཉིད་ཀྱི་སླད་དུ། སྔོན་གྱི་མཐའ་{མྱི་,མི་}{དམྱིགས,དམིགས}། ཕྱི་མའི་མཐའ་མི་{དམྱིགས,དམིགས}། དབུས་{མྱི་,མི་}

D8.016.0249b06.01
7

{དམྱིགས་,དམིགས་}སོ། །དེ་བཞིན་དུ་ཐེག་པ་ཆེན་པོ་འདི་ཡང་དུས་གསུམ་མཉམ་པ་ཉིད་ཀྱི་སླད་དུ་སྔོན་གྱི་མཐའ་{མྱི་,མི་}{དམྱིགས,དམིགས}། ཕྱི་མའི་མཐའ་{མྱི་,མི་}{དམྱིགས,དམིགས}། དབུས་{མྱི་,མི་}{དམྱིགས་,དམིགས་}སོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཐེག་པ་ཆེན་པོ་འདི་

D8.016.0249b07.01