藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 16 函德格 274b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

ཡིན་ཏེ། དངོས་པོ་{མྱེད་,མེད་}པ་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་དངོས་པོ་{མྱེད་,མེད་}པར་ཁོང་དུ་ཆུད་ཅིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་ཡང་{མྱི་,མི་}འགྱུར། ལྷ་དང་།

D8.016.0274b01.01
2

{མྱི་,མི་}དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཡང་ཟིལ་ཀྱིས་མནན་ཅིང་འབྱུང་བར་{མྱི་,མི་}འགྱུར་ཏེ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡེ་ཤེས་རྡོ་རྗེ་ལྟ་བུ་དངོས་པོ་{མྱེད་,མེད་}ལ། དངོས་པོ་མ་ཡིན་པས། དེའི་ཕྱིར་བྱང་ཆུབ་སེམས་དཔའ་

D8.016.0274b02.01
3

སེམས་དཔའ་ཆེན་པོས་བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་དངོས་པོ་{མྱེད་,མེད་}པར་ཁོང་དུ་ཆུད་དེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་འཐོབ། ལྷ་དང་། {མྱི་,མི་}དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཡང་ཟིལ་ཀྱིས་མནན་ཅིང་

D8.016.0274b03.01
4

འབྱུང་བ་ཡིན་ནོ། །རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་{མྱེད་,མེད་}པ་མ་ཡིན་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་

D8.016.0274b04.01
5

སངས་རྒྱས་ཀྱིས་ཀྱང་ལྷ་དང་། {མྱི་,མི་}དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཅིང་། གཟི་བརྗིད་དང་དཔལ་གྱིས་ལྷམ་མེར་{མྱི་,མི་}འགྱུར། ལྷན་ནེར་{མྱི་,མི་}འགྱུར། ལྷང་ངེར་{མྱི་,མི་}འགྱུར་ཏེ། རབ་འབྱོར་དེ་བཞིན་གཤེགས་པ་དགྲ་

D8.016.0274b05.01
6

བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་{མྱི་,མི་}ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དངོས་པོ་{མྱེད་,མེད་}ལ་དངོས་པོ་མ་ཡིན་པས་དེའི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ལྷ་དང་། {མྱི་,མི་}དང་།

D8.016.0274b06.01
7

ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་ཀྱིས་མནན་ཏེ། གཟི་བརྗིད་དང་དཔལ་གྱིས་ལྷ་མ་མེ་ལྷན་ནེ་ལྷང་ངེར་གྱུར་པ་ཡིན་ནོ། །རབ་འབྱོར་གལ་ཏེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་འོད་

D8.016.0274b07.01