藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 16 函德格 196b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

གང་ཡིན་པ་དེ་ལ་རློམ་སེམས་སུ་བྱེད་པའམ། སེམས་པ་{མྱེད་,མེད་}དེ་ས་ཡོངས་སུ་སྦྱོང་བ་ཡང་{མྱི་,མི་}བྱེད་པ་མ་ཡིན་ལ། ས་དེ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ས་ཡོངས་སུ་སྦྱང་བ་གང་ཞེ་ན།

D8.016.0196b01.01
2

རབ་འབྱོར་ས་དང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡོངས་སུ་སྦྱོང་བ་བཅུ་པོ་འདི་དག་བྱ་སྟེ། བཅུ་གང་ཞེ་ན། དེ་{མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་གྱིས་ལྷག་པའི་བསམ་པ་ལས་{སྩོགས་,སོགས་}པ་ཡོངས་སུ་སྦྱང་བ་དང་། མཚན་མ་{མྱི་,མི་}

D8.016.0196b02.01
3

{དམྱིགས་,དམིགས་}པའི་ཕྱིར་ཕན་པའི་དངོས་པོ་ཡོངས་སུ་སྦྱང་ཞིང་སེམས་ཅན་{མྱི་,མི་}{དམྱིགས་,དམིགས་}པའི་ཕྱིར། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་ཡོངས་སུ་སྦྱང་བ་དང་། སྦྱིན་པ་དང་། གཏོང་བ་དང་། ལེན་པ་{མྱི་,མི་}{དམྱིགས་,དམིགས་}པའི་ཕྱིར་གཏོང་བ་ཡོངས་སུ་སྦྱང་བ་དང་།

D8.016.0196b03.01
4

དེས་རློམ་སེམས་སུ་{མྱི་,མི་}བྱ་བའི་ཕྱིར། དགེ་བའི་བཤེས་གཉེན་བསྟན་པ་ཡོངས་སུ་སྦྱང་བ་དང་། ཆོས་ཐམས་ཅད་{མྱི་,མི་}{དམྱིགས་,དམིགས་}པའི་ཕྱིར་ཆོས་བཙལ་བ་ཡོངས་སུ་སྦྱང་བ་དང་། ཁྱིམ་{མྱི་,མི་}{དམྱིགས་,དམིགས་}པའི་ཕྱིར་ཡང་དང་ཡང་འབྱུང་བ་ཡོངས་སུ་སྦྱང་བ་དང་། མཚན་

D8.016.0196b04.01
5

དང་དཔེ་བྱད་བཟང་པོའི་མཚན་མ་{མྱི་,མི་}{དམྱིགས་,དམིགས་}པའི་ཕྱིར། སངས་རྒྱས་ཀྱི་སྐུ་ལ་མས་པ་ཡོངས་སུ་སྦྱང་བ་དང་། ཆོས་ཀྱི་རྣམ་པ་{མྱི་,མི་}{དམྱིགས་,དམིགས་}པའི་ཕྱིར། ཆོས་རྣམ་པར་དབྱེ་བ་ཡོངས་སུ་སྦྱང་བ་དང་། ཆོས་ཀྱི་ཡང་དག་པ་ཉིད་{མྱི་,མི་}{དམྱིགས་,དམིགས་}པའི་ཕྱིར།

D8.016.0196b05.01
6

ང་རྒྱལ་དང་ཁེངས་པ་བསྩལ་བ་ཡོངས་སུ་སྦྱང་བ་དང་། ཚིག་{མྱི་,མི་}{དམྱིགས་,དམིགས་}པའི་ཕྱིར་བདེན་པའི་ཚིག་ཡོངས་སུ་སྦྱང་བ་སྟེ། རབ་འབྱོར་ཡོངས་སུ་སྦྱང་བ་བཅུ་པོ་དེ་དག་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་དང་པོ་ལ་གནས་པས་བྱ་བ་དག་

D8.016.0196b06.01
7

གོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་གཉིས་པ་ལ་གནས་པས་ཆོས་བརྒྱད་པོ་འདི་དག་ཡང་དང་ཡང་དུ་ཡིད་ལ་བྱ་སྟེ། དེ་ལ་ནན་ཏན་དུ་བྱའོ། །བརྒྱད་གང་ཞེ་ན། འདི་ལྟ་སྟེ། ཚུལ་ཁྲིམས་ཡོངས་སུ་དག་པ་

D8.016.0196b07.01