藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 16 函德格 82a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་{མྱེད་,མེད་}ཅིང་ཁོངས་སུ་ཆུད་པ་{མྱེད་,མེད་}དོ། །འཕགས་པའི་བདེན་པ་རྣམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་{མྱེད་,མེད་}ཅིང་ཁོངས་སུ་ཆུད་པ་{མྱེད་,མེད་}དོ། །བསམ་གཏན་རྣམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་

D8.016.0082a01.01
2

པ་{མྱེད་,མེད་}ཅིང་ཁོངས་སུ་ཆུད་པ་{མྱེད་,མེད་}དོ། །ཚད་{མྱེད་,མེད་}པ་རྣམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་{མྱེད་,མེད་}ཅིང་ཁོངས་སུ་ཆུད་པ་{མྱེད་,མེད་}དོ། །གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་རྣམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་{མྱེད་,མེད་}ཅིང་ཁོངས་སུ་ཆུད་པ་{མྱེད་,མེད་}དོ། །

D8.016.0082a02.01
3

རྣམ་པར་ཐར་པ་རྣམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་{མྱེད་,མེད་}ཅིང་ཁངས་སུ་ཆུད་པ་{མྱེད་,མེད་}དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་{མྱེད་,མེད་}ཅིང་ཁོངས་སུ་ཆུད་པ་{མྱེད་,མེད་}དོ། །རྣམ་པར་ཐར་པའི་སྒོ་སྟོང་

D8.016.0082a03.01
4

པ་ཉིད་དང་། མཚན་མ་{མྱེད་,མེད་}པ་དང་། སྨོན་པ་{མྱེད་,མེད་}པ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་{མྱེད་,མེད་}ཅིང་ཁོངས་སུ་ཆུད་པ་{མྱེད་,མེད་}དོ། །མངོན་པར་ཤེས་པ་རྣམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་{མྱེད་,མེད་}ཅིང་ཁོངས་སུ་ཆུད་པ་{མྱེད་,མེད་}དོ། །ཏིང་ངེ་འཛིན་རྣམས་

D8.016.0082a04.01
5

ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་{མྱེད་,མེད་}ཅིང་ཁོངས་སུ་ཅུང་པ་{མྱེད་,མེད་}དོ། །གཟུངས་ཀྱི་སྒོ་རྣམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་{མྱེད་,མེད་}ཅིང་ཁོངས་སུ་ཆུད་པ་{མྱེད་,མེད་}དོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་

D8.016.0082a05.01
6

{མྱེད་,མེད་}ཅིང་ཁོངས་སུ་ཆུད་པ་{མྱེད་,མེད་}དོ། །{མྱི་,མི་}འཇིགས་པ་རྣམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་{མྱེད་,མེད་}ཅིང་ཁོངས་སུ་ཆུད་པ་མེད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་{མྱེད་,མེད་}ཅིང་ཁོངས་སུ་ཆུང་པ་{མྱེད་,མེད་}དོ། །སྙིང་

D8.016.0082a06.01
7

རྗེ་ཆེན་པོ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་{མྱེད་,མེད་}ཅིང་ཁོངས་སུ་ཆུད་པ་{མྱེད་,མེད་}དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱང་རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར། ཟག་པ་{མྱེད་,མེད་}ཅིང་ཁོངས་སུ་ཆུད་པ་{མྱེད་,མེད་}དོ། །ཐམས་ཅད་ཤེས་པ་ཉིད་ཀྱང་རང་བཞིན་

D8.016.0082a07.01