完整藏文原文 · 德格版页 当前仅加载第 16 函德格 190a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
པ། གཅུགས་{མྱེད་,མེད་}པ། གནོད་པ་{མྱེད་,མེད་}པ། ལྟོད་པ་{མྱེད་,མེད་}པ། ཡོངས་སུ་རྫོགས་པ། ཤིན་ཏུ་བསྒོམས་པས། འཇིག་རྟེན་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་མཐས་གཏུགས་པའི་ཕྱོགས་བཅུ་རྒྱས་པར་བཀང་སྟེ། མོས་པར་བྱས་
D8.016.0190a01.01ཤིང་{མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་གྱིས་རྣམ་པར་སྤྱོད་དེ། དེ་དག་ནི་ཚད་{མྱེད་,མེད་}པ་བཞིའོ། །དེ་ལ་གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་བཞི་གང་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་
D8.016.0190a02.01ཚེ། རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་ཏེ། ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་། སྣ་ཚོགས་ཀྱི་འདུ་ཤེས་ཡིད་ལ་{མྱི་,མི་}བྱེད་པས། ནམ་མཁའ་མཐའ་ཡས་སོ་ཞེས་ཏེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་
D8.016.0190a03.01ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། རྣམ་པར་ཤེས་པ་མཐའ་ཡས་སོ་ཞེས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་
D8.016.0190a04.01ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། ཅུང་ཟད་མ་ཡོད་དོ་ཞེས་ཅུང་ཟད་{མྱེད་,མེད་}པའི་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་ཅུང་ཟད་{མྱེད་,མེད་}པའི་སྐྱེ་མཆེད་ལས་ཡང་དག་པར་འདས་
D8.016.0190a05.01ཏེ། འདུ་ཤེས་{མྱེད་,མེད་}འདུ་ཤེས་{མྱེད་,མེད་}{མྱིན་,མིན་}སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་དག་ནི་གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་བཞིའོ། །དེ་ལ་རྣམ་པར་ཐར་པ་བརྒྱད་གང་ཞེ་ན། གཟུགས་ཅན་གྱིས་གཟུགས་རྣམས་མཐོང་བ་འདི་ནི་རྣམ་པར་
D8.016.0190a06.01ཐར་པ་དང་པོའོ། །ནང་གཟུགས་{མྱེད་,མེད་}པའི་འདུ་ཤེས་དང་ལྡན་པས། ཕྱི་རོལ་གྱི་གཟུགས་རྣམས་མཐོང་བ་འདི་ནི་རྣམ་པར་ཐར་པ་གཉིས་པའོ། །བཟང་བར་མོས་པ་འདི་ནི་རྣམ་པར་ཐར་པ་གསུམ་པའོ། །དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་
D8.016.0190a07.01