藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 16 函德格 353b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

གང་ཡིན་པ་དེ་ཐམས་ཅད་ཀྱང་གཉིས་སུ་{མྱེད་,མེད་}དེ་གཉིས་སུ་བྱར་{མྱེད་,མེད་}དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ཡིད་ཀྱི་རྣམ་པར་ཤེས་པ་{མྱེད་,མེད་}པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་{མྱི་,མི་}{དམྱིགས་,དམིགས་}སོ། །ཡིད་ཀྱི་རྣམ་པར་ཤེས་པ་སྟོང་པ་ཉིད་ཀྱི་ཕྱིར།

D8.016.0353b01.01
2

བྱང་ཆུབ་སེམས་དཔའ་སྡོན་གྱི་མཐར་{མྱི་,མི་}{དམྱིགས་,དམིགས་}སོ། །ཡིད་ཀྱི་རྣམ་པར་ཤེས་པ་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་{མྱི་,མི་}{དམྱིགས་,དམིགས་}སོ། །ཡིད་ཀྱི་རྣམ་པར་ཤེས་པ་ངོ་བོ་ཉིད་{མྱེད་,མེད་}པའི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་

D8.016.0353b02.01
3

མཐར་{མྱི་,མི་}{དམྱིགས་,དམིགས་}སོ། །ཡིད་ཀྱི་རྣམ་པར་ཤེས་པ་{མྱེད་,མེད་}པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་{མྱི་,མི་}{དམྱིགས་,དམིགས་}སོ། །ཡིད་ཀྱི་རྣམ་པར་ཤེས་པ་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་{མྱི་,མི་}{དམྱིགས་,དམིགས་}སོ། །

D8.016.0353b03.01
4

ཡིད་ཀྱི་རྣམ་པར་ཤེས་པ་དབེན་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་{མྱི་,མི་}{དམྱིགས་,དམིགས་}སོ། །ཡིད་ཀྱི་རྣམ་པར་ཤེས་པ་ངོ་བོ་ཉིད་{མྱེད་,མེད་}པའི་ཕྱིར། བྱང་ཆུབ་སེམས་དཔའ་ཕྱི་མའི་མཐར་{མྱི་,མི་}{དམྱིགས་,དམིགས་}སོ། །ཡིད་ཀྱི་རྣམ་པར་

D8.016.0353b04.01
5

ཤེས་པ་{མྱེད་,མེད་}པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་{མྱི་,མི་}{དམྱིགས་,དམིགས་}སོ། །ཡིད་ཀྱི་རྣམ་པར་ཤེས་པ་སྟོང་པ་ཉིད་ཀྱི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་{མྱི་,མི་}{དམྱིགས་,དམིགས་}སོ། །ཡིད་ཀྱི་རྣམ་པར་ཤེས་པ་དབེན་པའི་ཕྱིར། བྱང་

D8.016.0353b05.01
6

ཆུབ་སེམས་དཔའ་དབུས་སུ་{མྱི་,མི་}{དམྱིགས་,དམིགས་}སོ། །ཡིད་ཀྱི་རྣམ་པར་ཤེས་པ་ངོ་བོ་ཉིད་{མྱེད་,མེད་}པའི་ཕྱིར། བྱང་ཆུབ་སེམས་དཔའ་དབུས་སུ་{མྱི་,མི་}{དམྱིགས་,དམིགས་}སོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ཡིད་ཀྱི་རྣམ་

D8.016.0353b06.01
7

པར་ཤེས་པ་{མྱེད་,མེད་}པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་སྟོང་པ་ཉིད་དང་། ཡིད་ཀྱི་རྣམ་པར་ཤེས་པ་དབེན་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་ངོ་བོ་ཉིད་{མྱེད་,མེད་}པ་ལ་སྔོན་གྱི་མཐའ་{མྱི་,མི་}{དམྱིགས,དམིགས}། ཕྱི་མའི་མཐའ་{མྱི་,མི་}{དམྱིགས,དམིགས}།

D8.016.0353b07.01