藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 16 函德格 211b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

ལུས་སྟོང་པ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་{མྱེད་,མེད་}དོ། །རྣམ་པར་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་{མྱེད་,མེད་}དོ། །ཉིད་སྟོང་པ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་{མྱེད་,མེད་}དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་{མྱེད་,མེད་}དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་{མྱིག་,མིག་}

D8.016.0211b01.01
2

{མྱིག་,མིག་}གིས་སྟོང་པའི་ཕྱིར་རོ། །རྣ་བ་རྣ་བས་སྟོང་པའི་ཕྱིར་རོ། །སྣ་སྣས་སྟོང་པའི་ཕྱིར་རོ། །ལྕེ་ལྕེས་སྟོང་པའི་ཕྱིར་རོ། །ལུས་ལུས་ཀྱིས་སྟོང་པའི་ཕྱིར་རོ། །ཡིད་ཡིད་ཀྱིས་སྟོང་པའི་ཕྱིར་རོ། །རབ་འབྱོར་གང་མཚན་ཉིད་{མྱེད་,མེད་}པའི་ཆོས་རྣམས་འབྱུང་

D8.016.0211b02.01
3

བར་འདོད་པ་དེ་ནི། གཟུགས་སྟོང་པ་ཉིད་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་{མྱེད་,མེད་}པའི་ཆོས་རྣམས་འབྱུང་ཆུབ་བར་འདོད་པ་དེ་ནི། སྒྲ་སྟོང་པ་ཉིད་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་{མྱེད་,མེད་}པའི་ཆོས་རྣམས་འབྱུང་

D8.016.0211b03.01
4

བར་འདོད་པ་དེ་ནི། དྲི་སྟོང་པ་ཉིད་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་{མྱེད་,མེད་}པའི་ཆོས་རྣམས་འབྱུང་པར་འདོད་པ་དེ་ནི། རོ་སྟོང་པ་ཉིད་འབྱུང་པར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་{མྱེད་,མེད་}པའི་ཆོས་རྣམས་འབྱུང་བར་

D8.016.0211b04.01
5

འདོད་པ་དེ་ནི། རེག་སྟོང་པ་ཉིད་འབྱུང་བར་འདོད་དུ་ཟད་དོ། །རབ་འབྱོར་གང་མཚན་ཉིད་{མྱེད་,མེད་}པའི་ཆོས་རྣམས་འབྱུང་བར་འདོད་པ་དེ་ནི། ཆོས་སྟོང་པ་ཉིད་འབྱུང་བར་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་གཟུགས་སྟོང་པ་ཉིད་ནི་

D8.016.0211b05.01
6

ཁམས་གསུམ་ནས་འབྱུང་བ་{མྱེད་,མེད་}དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་{མྱེད་,མེད་}དོ། །སྒྲ་སྟོང་པ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་{མྱེད་,མེད་}དོ། །རྣམ་པར་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་{མྱེད་,མེད་}དོ། །དྲི་སྟོང་པ་ཉིད་ནི་ཁམས་

D8.016.0211b06.01
7

གསུམ་ནས་འབྱུང་བ་{མྱེད་,མེད་}དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་{མྱེད་,མེད་}དོ། །རོ་སྟོང་པ་ཉིད་ནི་ཁམས་གསུམ་ནས་འབྱུང་བ་{མྱེད་,མེད་}དོ། །རྣམ་པར་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པ་{མྱེད་,མེད་}དོ། །རེག་སྟོང་པ་ཉིད་ནི་ཁམས་གསུམ་

D8.016.0211b07.01