完整藏文原文 · 德格版页 当前仅加载第 16 函德格 57b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་{མྱེད་,མེད་}དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། བྱེད་པ་པོ་{མྱེད་,མེད་}པའི་ཕྱིར། བྱེད་པ་པོ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་
D8.016.0057b01.01གནས་{མྱེད་,མེད་}དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་{མྱེད་,མེད་}དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཚོར་བ་པོ་མེད་པའི་ཕྱིར། ཚོར་བ་པོ་ཤིན་ཏུ་
D8.016.0057b02.01རྣམ་པར་དག་པ་ལ་མཚན་མའི་གནས་{མྱེད་,མེད་}དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་{མྱེད་,མེད་}དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཤེས་པ་པོ་{མྱེད་,མེད་}
D8.016.0057b03.01པའི་ཕྱིར། ཤེས་པ་པོ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་མེད་དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་{མྱེད་,མེད་}དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། མཐོང་བ་པོ་{མྱེད་,མེད་}
D8.016.0057b04.01པའི་ཕྱིར། མཐོང་བ་པོ་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གནས་{མྱེད་,མེད་}དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་{མྱེད་,མེད་}དོ། །རབ་འབྱོར་
D8.016.0057b05.01འདི་ལྟ་སྟེ་དཔེར་ན། ཉི་མའི་དཀྱིལ་འཁོར་མངོན་པར་འཆར་བའི་ཚེ། མུན་པའི་གནས་{མྱེད་,མེད་}དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་
D8.016.0057b06.01སྤྱོད་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་{མྱེད་,མེད་}དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། བསྐལ་པའི་{མྱེ་,མེ་}འབར་བའི་ཚེ། འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་ཀྱི་གནས་{མྱེད་,མེད་}དོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
D8.016.0057b07.01