藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 16 函德格 113a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

པར་གནས་ཀྱང་། དེས་བརྩོན་འགྲུས་ཀྱང་{མྱི་,མི་}{དམྱིགས,དམིགས}། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་མི་{དམྱིགས,དམིགས}། བྱང་ཆུབ་སེམས་དཔའ་ཡང་{མྱི་,མི་}{དམྱིགས,དམིགས}། ཡིད་ལ་བྱ་བ་དེ་དག་ཀྱང་{མྱི་,མི་}{དམྱིགས་,དམིགས་}ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་

D8.016.0113a01.01
2

སེམས་དཔའ་ཆེན་པོ་{མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་གྱིས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་གནས་ཤེས་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ།

D8.016.0113a02.01
3

བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་གནས་བྱང་། དེས་བསམ་གཏན་ཡང་{མྱི་,མི་}{དམྱིགས,དམིགས}། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡང་{མྱི་,མི་}{དམྱིགས,དམིགས}། བྱང་ཆུབ་སེམས་དཔའ་ཡང་{མྱི་,མི་}{དམྱིགས,དམིགས}། ཡིད་ལ་བྱ་བ་དེ་དག་ཀྱང་{མྱི་,མི་}{དམྱིགས་,དམིགས་}ཏེ། དེ་ལྟར་

D8.016.0113a03.01
4

ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་{མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་གྱིས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་གནས་ཤེས་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་

D8.016.0113a04.01
5

ཕྱིན་པ་ལ་སྤྱོད་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་གནས་ཀྱང་། དེས་དགེ་བའི་ཆོས་ཀྱང་{མྱི་,མི་}{དམྱིགས་,དམིགས་}ཤིང་། མི་དགེ་བ་དང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དང་། འདུས་བྱས་དང་། འདུས་མ་བྱས་དང་།

D8.016.0113a05.01
6

ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་ཆོས་ཀྱང་{མྱི་,མི་}{དམྱིགས་,དམིགས་}ཤིང་ཤེས་རབ་ཀྱང་{མྱི་,མི་}{དམྱིགས,དམིགས}། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་{མྱི་,མི་}{དམྱིགས,དམིགས}། བྱང་ཆུབ་སེམས་དཔའ་ཡང་{མྱི་,མི་}{དམྱིགས,དམིགས}། ཡིད་ལ་བྱ་བ་དེ་དག་ཀྱང་{མྱི་,མི་}{དམྱིགས་,དམིགས་}ཏེ། དེ་

D8.016.0113a06.01
7

ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་{མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་གནས་ཤེས་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་

D8.016.0113a07.01