藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 16 函德格 224b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

ལ་ནི་གནས་པའམ་{མྱི་,མི་}གནས་པ་{མྱེད་,མེད་}དོ། །རེག་གི་ངོ་བོ་ཉིད་ལ་ནི་གནས་པའམ་{མྱི་,མི་}གནས་པ་{མྱེད་,མེད་}དོ། །ཆོས་ཀྱི་ངོ་བོ་ཉིད་ལ་ནི་གནས་པའམ་{མྱི་,མི་}གནས་པ་{མྱེད་,མེད་}དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་གཟུགས་གཟུགས་ཀྱིས་སྟོང་པའི་ཕྱིར་རོ། །སྒྲ་སྒྲས་སྟོང་

D8.016.0224b01.01
2

བའི་ཕྱིར་རོ། །དྲི་དྲིས་སྟོང་པའི་ཕྱིར་རོ། །རོ་རོས་སྟོང་པའི་ཕྱིར་རོ། །རེག་རེག་གིས་སྟོང་པའི་ཕྱིར་རོ། །ཆོས་ཆོས་ཀྱིས་སྟོང་པའི་ཕྱིར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། {མྱིག་,མིག་}གི་རྣམ་པར་ཤེས་པ་སྟོང་པ་ཉིད་ནི་གནས་པ་ཡང་མ་ཡིན་{མྱི་,མི་}གནས་པ་

D8.016.0224b02.01
3

ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་{མྱི་,མི་}གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། རྣ་བའི་རྣམ་པར་ཤེས་པ་སྟོང་པ་ཉིད་ནི་གནས་པ་ཡང་མ་ཡིན་{མྱི་,མི་}གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་

D8.016.0224b03.01
4

བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་{མྱི་,མི་}གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྣའི་རྣམ་པར་ཤེས་པ་སྟོང་པ་ཉིད་ནི་གནས་པ་ཡང་མ་ཡིན་{མྱི་,མི་}གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་

D8.016.0224b04.01
5

གནས་པ་ཡང་མ་ཡིན་{མྱི་,མི་}གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ལྕེའི་རྣམ་པར་ཤེས་པ་སྟོང་པ་ཉིད་ནི་གནས་པ་ཡང་མ་ཡིན་{མྱི་,མི་}གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་{མྱི་,མི་}

D8.016.0224b05.01
6

གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ལུས་ཀྱི་རྣམ་པར་ཤེས་པ་སྟོང་པ་ཉིད་ནི་གནས་པ་ཡང་མ་ཡིན་{མྱི་,མི་}གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་{མྱི་,མི་}གནས་པ་ཡང་མ་ཡིན་ནོ། །

D8.016.0224b06.01
7

རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཡིད་ཀྱི་རྣམ་པར་ཤེས་པ་སྟོང་པ་ཉིད་ནི་གནས་པ་ཡང་མ་ཡིན་{མྱི་,མི་}གནས་པ་ཡང་མ་ཡིན་ནོ། །རབ་འབྱོར་དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་གནས་པ་ཡང་མ་ཡིན་{མྱི་,མི་}གནས་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་

D8.016.0224b07.01