藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 16 函德格 198a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

ཡིད་{མྱི་,མི་}བདེ་བ་ཡོངས་སུ་སྤང་བར་བྱའོ། །སློངས་མོ་བ་མཐོང་ན་སློངས་མོ་བས་འཁྲུག་པར་{མྱི་,མི་}བྱ་སྟེ། འཁྲུག་པའི་སེམས་ཡོངས་སུ་སྤང་བར་བྱའོ། །རབ་འབྱོར་ཆོས་དྲུག་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་

D8.016.0198a01.01
2

ཆེན་པོ་ས་དྲུག་པ་ལ་གནས་པས་ཡོངས་སུ་སྤང་བར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བདུན་པ་ལ་གནས་པས་ཆོས་ཉི་ཤུ་{མྱི་,མི་}བྱ་སྟེ། ཉི་ཤུ་གང་ཞེ་ན། འདི་ལྟ་སྟེ། བདག་ཏུ་འཛིན་པར་{མྱི་,མི་}བྱའོ། །སེམས་

D8.016.0198a02.01
3

ཅན་དུ་འཛིན་པར་{མྱི་,མི་}བྱའོ། །སྲོག་ཏུ་འཛིན་པར་{མྱི་,མི་}བྱའོ། །གང་ཟག་ཏུ་འཛིན་པར་{མྱི་,མི་}བྱའོ། །ཆད་པར་འཛིན་པར་{མྱི་,མི་}བྱའོ། །རྟག་པར་འཛིན་པར་{མྱི་,མི་}བྱའོ། །མཚན་མའི་འདུ་ཤེས་སུ་{མྱི་,མི་}བྱའོ། །རྒྱུར་ལྟ་བ་དང་། {མྱིང་,མིང་}དང་གཟུགས་ལ་མངོན་པར་

D8.016.0198a03.01
4

ཆགས་པ་དང་། ཕུང་པོ་ལ་མངོན་པར་ཆགས་པ་དང་། ཁམས་ལ་མངོན་པར་ཆགས་པ་དང་། སྐྱེ་མཆེད་ལ་མངོན་པར་ཆགས་པ་དང་། ཁམས་གསུམ་ལ་མངོན་པར་ཆགས་པ་དང་། ཁམས་གསུམ་ལ་མངོན་པར་ཞེན་པ་དང་། ཁམས་གསུམ་ལ་རྟེན་པ་དང་། ཁམས་གསུམ་ལ་

D8.016.0198a04.01
5

གནས་པ་དང་། སངས་རྒྱས་ལ་རྟེན་པའི་ལྟ་བ་ལ་མངོན་པར་ཆགས་པ་དང་། ཆོས་ལ་རྟེན་པའི་ལྟ་བ་ལ་མངོན་པར་ཆགས་པ་དང་། དགེ་འདུན་ལ་རྟེན་པའི་ལྟ་བ་ལ་མངོན་པར་ཆགས་པ་དང་། ཚུལ་ཁྲིམས་ལ་རྟེན་པའི་

D8.016.0198a05.01
6

ལྟ་བ་ལ་མངོན་པར་ཆགས་པ་དང་། ཆོས་རྣམས་སྟོང་ངོ་ཞེས་ཞུམ་པར་འགྱུར་བ་དང་། སྟོང་པ་ཉིད་དང་འགལ་བ་སྟེ། རབ་འབྱོར་ཆོས་ཉི་ཤུ་པོ་དེ་དག་ནི་བྱ་བ་མ་ཡིན་པའོ། །དེས་ཆོས་ཉི་ཤུ་པོ་འདི་དག་ཡོངས་སུ་རྫོགས་པར་བྱ་སྟེ། ཉི་ཤུ་གང་

D8.016.0198a06.01
7

ཞེ་ན། སྟོང་པ་ཉིད་རྫོགས་པར་བྱ་བ་དང་། མཚན་མ་{མྱེད་,མེད་}པ་མངོན་དུ་བྱ་བ་དང་། སྨོན་པ་{མྱེད་,མེད་}པ་ཤེས་པར་བྱ་བ་དང་། འཁོར་གསུམ་ཡོངས་སུ་དག་པ་དང་། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཞིང་སྙིང་བརྩེ་བ་དང་། སེམས་ཅན་དེ་དག་ལ་བརྙས་

D8.016.0198a07.01