完整藏文原文 · 德格版页 当前仅加载第 16 函德格 19a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
པའི་ལམ་ཡན་ལག་བརྒྱད་པ་ལ་སྦྱོར་བ་དང་། འཕགས་པའི་བདེན་པ་རྣམས་ལ་སྦྱོར་བ་དང་། བསམ་གཏན་རྣམས་ལ་སྦྱོར་བ་དང་། ཚད་{མྱེད་,མེད་}པ་རྣམས་ལ་སྦྱོར་བ་དང་། གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་རྣམས་ལ་སྦྱོར་བ་དང་།
D8.016.0019a01.01རྣམ་པར་ཐར་པ་རྣམས་ལ་སྦྱོར་བ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལ་སྦྱོར་བ་དང་། སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་{མྱེད་,མེད་}པའི་ཆོས་རྣམས་ལ་སྦྱོར་ཞིང་། རིགས་ཀྱི་བུ་ཁྱོད་ཀྱིས་དེ་ལྟར་ཆོས་དེ་དག་ཡོངས་སུ་བསྒོམས་ལ།
D8.016.0019a02.01ཉན་ཐོས་ཀྱིས་མངོན་དུ་གྱིས་ཤིག །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱིས་ཁྱོད་ལ་ཅི་ཞིག་བྱ་ཞེས་ཟེར་བ་དེ་ལྟ་བུའི་བདུད་ཀྱི་ལས་དག་{མྱི་,མི་}སྨྲ་{མྱི་,མི་}སྟོན་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོར་རིག་པར་བྱའོ། །
D8.016.0019a03.01རབ་འབྱོར་གཞན་ཡང་བདུད་སྡིག་ཏོ་ཅན་དག་ཕ་དང་མའི་ཆ་བྱད་དུ་བྱས་ཤིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་ཕྱིན་ཏེ། འདི་སྐད་དུ་བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པས།
D8.016.0019a04.01ཁྱོད་ལ་ཅི་ཞིག་བྱ་དེའི་དོན་དུ་ནི་བསྐལ་པ་ཚད་{མྱེད་,མེད་}གྲངས་{མྱེད་,མེད་}པར་འཁོར་བ་ན་འཁོར་ཞིང་རྐང་ལག་དང་མགོ་གཅད་པ་ཚད་{མྱེད་,མེད་}པས། ཉོན་མོངས་པར་འགྱུར་གྱིས། གང་ལ་རྒྱུན་ཏུ་ཞུགས་པའི་འབྲས་བུ་མངོན་དུ་བྱར་ཡོད་པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་
D8.016.0019a05.01བུ་མངོན་དུ་བྱར་ཡོད་པ་དང་། ཕྱིར་{མྱི་,མི་}འོང་བའི་འབྲས་བུ་མངོན་དུ་བྱར་ཡོད་པ་དང་། དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱར་ཡོད་པ་དེ་ལ་བརྩོན་པར་གྱིས་ཤིག །ཅེས་ཟེར་བ་དེ་ལྟ་བུའི་བདུད་ཀྱི་ལས་དག་མི་སྨྲ་མི་སྟོན་པ་འདི་ནི། བྱང་ཆུབ་སེམས་དཔའ་
D8.016.0019a06.01སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བདུད་སྡིག་ཏོ་ཅན་དག །དགེ་སློང་གི་ཆ་བྱད་དུ་བྱས་ཤིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་ཕྱིན་ཏེ། གཟུགས་{མྱི་,མི་}རྟག་ཅེས་བྱ་བར་{དམྱིགས་,དམིགས་}པའི་ཚུལ་
D8.016.0019a07.01